འབྲུག་དང་འཛམ་གླིང་སྤྱི་ཚོགས་ལས་ཚོགས།
འབྲུག་རྒྱལ་ཁབ་འདི་ཆུང་ཀུ་ཅིག་ལས་མེད་མི་གུར་ འཛམ་གླིང་རྒྱལ་ཁབ་གཞན་གྱིས་ང་བཅས་ཀྱི་རྒྱལ་ཁབ་འདི་གོ་རྟོགས་མེདཔ་ལས་ མི་དབང་མཆོག་གིས་རྒྱལ་ཁབ་འདི་འཛམ་གླིང་རྒྱལ་ཁབ་གཞན་ལུ་གོ་རྟོགས་འབད་ནིའི་ དོན་ལུ་ འཛམ་གླིང་སྤྱི་ཚོགས་ལས་ཚོགས་ཀྱི་འཐུས་མི་སྦེ་འཛུལ་ནིའི་འདི་གལ་ཆེཝ་སྦེ་ མཁྱེན་བཞིན་ འཛམ་གླིང་སྤྱི་ཚོགས་ལས་ཚོགས་ཀྱི་འཐུས་མི་སྦེ་འཛུལ་ནིའི་ངེས་འཐབ་མཛད་དེ་ ལས་ཚོགས་དེའི་ཡོངས་ཁྱབ་ཚོགས་འཛོམས་ནང་བཅའ་མར་གཏོགས་གནང་ཡི། སྤྱི་ལོ་ ༡༩༧༡ ཟླཝ་ ༩ པའི་ཚེས་ ༢༡ ལུ་རྒྱ་གར་གཞུང་གི་རྒྱབ་སྐྱོར་མཛད་དེ་འབྲུག་རྒྱལ་ཁབ་འཛམ་གླིང་སྤྱི་ཚོགས་ལས་ ཚོགས་ཀྱི་འཐུས་མི་སྦེ་འཐོབ་ཅི། འབྲུག་རྒྱལ་ཁབ་འཛམ་གླིང་སྤྱི་ཚོགས་ལས་ཚོགས་ཀྱི་འཐུས་མི་སྦེ་འཐོབ་བའི་དགའ་ སྟོན་སྐབས་ བློན་པོ་སངས་རྒྱས་དཔལ་འབྱོར་ མི་དབང་རྒྱལ་སྲས་རྣམ་རྒྱལ་དང་བློན་པོ་ཟླ་བ་ཚེ་རིང་གིས་རྒྱལ་ཁབ་ཀྱི་གཞུང་ཚབ་ མཛད་པ་དང་ འབྲུག་ལུ་རྒྱ་གར་གཞུང་ཚབ་དང་པམ་ བི་ཨེསི་དྷསི་གིས་སྦེ་མི་དབང་མཆོག་ལུ་འབྲུག་འཛམ་གླིང་སྤྱི་ཚོགས་ལས་ཚོགས་ ཀྱི་འཐུས་མི་སྦེ་འཐོབ་ཡོད་པའི་གནས་ཚུལ་ཞུ་ཡི།
འབྲུག་རྒྱལ་ཁབ་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མིའི་གྲངས་སུ་ འཛུལ་ཞུགས།
ང་བཅས་རའི་རྒྱལ་ཁབ་འདི་འཛམ་གླིང་སྤྱི་ཚོགས་ལས་ ཚོགས་ཀྱི་འཐུས་མི་སྦེ་འཛུལ་བའི་དུས་ལས་འབྲུག་རྒྱལ་ཁབ་འདི་འཛམ་གླིང་རྒྱལ་ཁབ་ གཞན་ལུ་གོ་རྟོགས་འབད་ཡོད་པས་ ང་བཅས་རའི་རྒྱལ་ཁབ་འདི་རང་དབང་རྒྱལ་ཁབ་གཞན་ཚུ་དང་གཅིག་ཁར་མཐུན་འབྲེལ་ཁག་ལེ་ ཤ་མཛད་ཅི། ང་བཅས་རའི་རྒྱལ་ཁབ་འདི་འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་ཅིག་ཨིན་ནི་འདི་གིས་ འཕྲུལ་རིག་དང་དངུལ་འབྲེལ་རྒྱབ་སྐྱོར་ཚུ་འཛམ་གླིང་སྤྱི་ཚོགས་ཀྱི་ངོ་ཚབ་ལས་ ཁུངས་ཚུ་ལས་གནང་ཡོད་མི་དེ་གིས་རྒྱལ་ཁབ་ལུ་ཕན་ཐོག་ཡོད་དེ་ དཔེར་ན་ ༡༩༧༣ གི་ལོར་ཡུ་ཨེན་ཌི་པི་(UNDP)དང་གཅིག་ཁར་གྲོས་མཐུན་མཛད་མི་ནང་ ལས་ཚོགས་དེའི་ང་བཅས་ཀྱི་རྒྱལ་ཁབ་ལུ་ཡུ་ཨེསི་ཌོ་ལར་ས་ཡ་ ༣.༣ གནང་ནི་ཁས་བླང་འབད་ཡོདཔ་ཨིན་ དེ་བཟུམ་སྦེ་རང་ ཡུ་ནི་སི་ཨི་ཨེཕ་ལས་ཚོགས་ འཛམ་གླིང་བཟའ་སྤྱོད་ལས་ཚོགས་དང་འཛམ་གླིང་སྤྱི་ཚོགས་ཀྱི་ལས་ཚོགས་གཞན་མི་ཚུ་ གིས་ང་བཅས་ཀྱི་རྒྱལ་ཁབ་ཀྱི་ལས་འགུལ་གྱི་དོན་ལུ་ ཡུ་ཨེསི་ཌོ་ལར་ས་ཡ་ ༦ གནང་ཡོད་ཨིན། མི་དབང་མཆོག་གི་མཁྱེན་པའི་རིག་པ་ལྟར་ འཛམ་གླིང་སྤྱི་ཚོགས་ལས་ཚོགས་ཀྱི་འཐུས་མི་སྦེ་འཛུལ་མི་དེ་གིས་ང་བཅས་ཀྱི་ རྒྱལ་ཁབ་འདི་ལུ་གོང་འཕེལ་གྱི་འགྱུར་བ་སྦོམ་སྦེ་རང་བྱུང་ཡོད་ཨིན།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
