འབྲུག་གི་སྲིད་དོན་ལམ་ལུགས།
ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག།འབྲུག་རྒྱལ་ཁབ་ནང་ལུ་ སྲིད་དོན་གྱི་ཕྱག་ལཱ་ཚུ་ རྒྱལཔོ་དང་ ཆོས་དང་འབྲེལ་བའི་ཕྱག་ལཱ་ཚུ་ རྗེ་མཁན་པོ་གིས་མཛད་དེ་ ཆོས་སྲིད་ཟུང་འབྲེལ་གྱི་གཞུང་སྐྱོངམ་ཨིན། འདི་བཟུམ་གྱི་གཞུང་སྐྱོང་ལམ་ལུགས་དེ་ ༡༦༡༦ ལུ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་གཞི་བཙུགས་འབད་གནང་ནུག། ༡༩༠༧ ཚུན་ཚོད་ལུ་ ལྷན་རྒྱས་གཞུང་ཚོགས་དང་ གཞུང་གྲྭ་ཚང་གིས་ བཀོད་གནང་པའི་ དེ་སྲིད་ཚུ་གིས་ རྒྱལ་ཁབ་སྐྱོང་སྟེ་སྡོད་ནུག།
གོང་ས་ ཨོ་རྒྱན་དབག་ཕྱུག་མཆོག་ ཀྲོང་གསར་དཔོན་སློབ་མཛད་བཞུགས་པའི་སྐབས་ རྒྱལ་ཁབ་ནང་འཁོད་ཀྱི་ རྫོང་དཔོན་དང་དཔོན་སློབ་ཚུ་ག་ར་ཁོ་གི་དབང་ལུ་བསྡུ་ཏེ་ རྒྱལ་ཁབ་ནང་ལུ་ཞི་བདེ་དང་དགའ་སྐྱིད་འབྱུངམ་ལས་ འབྲུག་མི་ག་ར་ སྤྱི་མཐུན་གྱི་ཐོག་ལས་ ༡༩༠༧ ལུ་ གོང་ས་ ཨོ་རྒྱན་དབང་ཕྱུག་མཆོག་ འབྲུག་རྒྱུད་འཛིན་གྱི་རྒྱལཔོ་དང་པ་སྦེ་ ཁྲི་མངས་གསོལ་གནང་ནུག། དེ་ལས་ཚུར་ རྒྱལ་ཁབ་འདི་ དབང་ཕྱུག་རྒྱུད་འཛིན་གྱི་ རྒྱལཔོ་རིམ་འབྱོན་ཚུ་གིས་ སྐྱོང་སྟེ་ཡོདཔ་ཨིན།
འབྲུག་རྒྱལ་གསུམ་པ།༡༩༥༣ ལུ་ མི་དབང་འབྲུག་རྒྱལ་གསུམ་པ་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ གཞུང་སྐྱོང་ནང་ལུ་ དབང་ཆ་ཕྱིར་སྤེལ་གྱིདོན་ལུ་ རྒྱལ་ཡོངས་ཚོགས་འདུ་ཆེན་མོ་ གཞི་བཙུགས་འབད་དེ་ འདི་ནང་ལུ་ མི་སེར་གྱི་འཐུས་མི་ཚུ་གིས་ ཁྲིམས་ཚུ་བཟོ་ནི་དང་ རྒྱལ་ཡོངས་ཀྱི་གནད་དོན་ཚུ་ གྲོས་བསྡུར་འབད་ཡོདཔ་ཨིན།
འབྲུག་རྒྱལ་བཞི་པ།དེ་གི་ཡང་མ་ཚད་པར་ ༡༩༦༣ ལུ་ བློ་གྲོས་ཚོགས་སྡེ་ གཞི་བཙུགས་འབད་མི་དེ་གིས་ དབང་ཆ་ཕྱིར་སྤེལ་གྱི་སྲིད་བྱུས་ཚུ་ ལྷག་པར་ཡར་རྒྱས་གཏང་ཡོདཔ་ཨིན། དེ་གིས་ རྒྱཔོ་དང་ བློན་པོ་ལྷན་ཚོགས་ཀྱི་འཐུས་མི་ཚུ་ལུ་ གལ་གནད་ཅན་གྱི་གནད་དོན་ཚུ་གྲོས་བསྡུར་འབད་ནི་ལུ་ཕན་ཐོགས་སྦོམ་འབྱུངམ་མ་ཚད་ ལས་རིམ་ཚུ་ ཚུལ་མཐུན་སྦེ་ ལག་ལེན་འཐབ་ཡོདཔ་དང་མེདཔ་་ཚུ་ ངེས་གཏན་བཟོ་ནི་ལུ་ཡང་ ཕན་ཐོག་འབྱུང་ཡོདཔ་ཨིན།
༡༩༩༨ ལུ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ གཞུང་སྐྱོང་གི་དབང་ཆ་ བློན་པོ་ལྷན་ཚོགས་ལུ་གནང་མི་དེ་ དབང་ཆ་ཕྱིར་སྤེལ་གྱི་སྲིད་བྱུས་ སྦོམ་ཤོས་ཅིག་ཨིན་མས། དེ་ལས་ཚུར་ རྒྱལཔོ་དེ་ མངའ་སྡེའི་གཙོ་བོ་དང་ གཞུང་སྐྱོང་གི་ཕྱག་ལཱ་ཚུ་ བློན་ཆེན་གྱིས་མཛད་གནང་ནུག། ལྷན་རྒྱས་གཞུང་ཚོགས་འགོ་ཐོག་དང་པ:
* བློན་པོ་ འཇིགས་མེད་འོད་ཟེར་ཕྲིན་ལས།
* བློན་པོ་ ཀུན་བཟང་རྡོ་རྗེ།
* བློན་པོ་ མཁའ་འགྲོ་དབང་ཕྱུག
* བློན་པོ་ སངྱས་དངོས་གྲུབ།
* བློན་པོ་ ཕྲིན་ལས་རྒྱ་མཚོ།
* བློན་པོ་ ཡེ་ཤེས་སྦྱིན་པ།
བློན་པོ་ འཇིགས་མེད་ཕྲིན་ལས་མཆོག་གིས་ ལོ་ངོ་གཅིག་གི་རིང་ལུ་ འབྲུག་གི་བློན་ཆེན་དང་པ་སྦེ་ ཕྱག་ཞུས་ཡོདཔ།
དབྱིན་ ལོ་ ༢༠༠༡ དབྱིན་ཟླ་ ༡༡ པའི་ནང་ མི་དབང་འབྲུག་རྒྱལ་བཞི་པའི་ ཞལ་བཀོད་དང་འཁྲིལ་ཏེ་ ཁྲིམས་སྤྱི་བློན་པོ་གིས་ ཁྲི་འཛིན་མཛད་ཐོག་ལས་ འབྲུག་གི་རྩ་ཁྲིམས་ཆེན་མོ་ ཟིན་འབྲི་བཏབ་ནིའི་དོན་ལུ་ ཚོགས་པ་ཅིག་གཞི་བཙུགས་འབད་ནུག། རྩ་ཁྲིམས་དེ་ དབྱིན་ལོ་ ༢༠༠༨ ལུ་ དམང་གཙོའི་རིང་ལུགས་འགོ་བཙུགས་པའི་སྐབས་ ལག་ལེན་འཐབ་ནི་འགོ་བཙུགས་ནི་ཨིན། དེ་འབདཝ་ལས་བརྟེན་ དབྱིན་ལོ་ ༢༠༠༨ ལུ་ འབྲུག་གི་སྲིད་དོན་ཚོགས་པ་ཚུ་ནང་ལས་ གཅིག་གིས་ གཞུང་སྐྱོང་ནི་ཨིན།
འབྲུག་གི་གཞུང་སྐྱོང་ལམ་ལུགས་ནང་ ཁྲིམས་བཟོ་ལྷན་སྡེ་དང་ དྲང་ཁྲིམས་ལྷན་སྡེ་ དེ་ལས་ འཛིན་སྐྱོང་ལྷན་སྡེ་ ཡོདཔ་ཨིནམ་དང་ གཞུང་སྐྱོང་ཚོགས་པ་དང་ ལྡོག་ཕྱོགས་ཚོགས་པ་ རྒྱལ་ཡོངས་ཚོགས་སྡེ་ཚུ་ ཁྲིམ་བཟོ་ལྷན་སྡེ་ནང་ཚུདཔ་ཨིན།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
