ཆོས་ལུགས།
དུས་རབ་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེ་མ་འབྱོན་ཚུན་ཚོད་ཀྱི་བར་ན་ མི་ཚུ་གིས་ བོན་གྱི་ཆོས་ལུགས་དེ་གཙོ་བོ་སྟོན་སྡོད་ནུག། མི་ཚུ་གི་སེམས་ཁ་ལུ་ གཡུས་ཁ་ལུ་ གཡུལ་ལྷ་དང་ མཚོ་ལུ་མཚོ་སྨན་ རི་ལུ་ བཙན་དང་ ཆུ་ལུ་ ཆུ་གི་ལྷ་མོ་ཚུ་དང་ དེ་ལས་ ས་གནས་ལ་ལོ་ཅིག་ནང་ལུ་ བདུད་ཚུ་གིས་དབང་ཡོདཔ་སྦེ་འཆར་སྡོད་ནུག།
དགེ་སློང་ཚུ་ ཁ་ཐུན་བཏང་པའི་བསྒང་།
རང་གི་ཆོས་སྐྱོང་སྲུང་མ་ཚུ་ལུ་ གསོལ་ཁ་ཕུལ་ནིའི་དོན་ལུ་ མི་ཚུ་གིས་སེམས་ཅན་ཚུ་བསད་དེ་མཆོད་པ་ཕུལཝ་ཨིན་མས། ནང་པའི་ཆོས་ལུགས་དར་ཁྱབ་འགྱོ་དེ་ར་འབད་རུང་ དེ་བཟུམ་གྱི་ལུགས་སྲོལ་་ཚུ་ མི་ལ་ལོ་གཅིག་གིས་ འགྱུར་བཅོས་ཨ་རྩི་རེ་འབད་དེ་ ད་ལྟོ་བར་ན་ཡང་ལག་ལེན་འཐབ་དོ་ཡོདཔ་ཨིན།
འབྲུག་ལུ་ ནང་པའི་ཆོས་དེ་ འགོ་དང་པ་ དུས་རབ་བརྒྱད་པའི་ནང་ གུ་རུ་རིན་པོ་ཆེ་། གཟིགས་སྐོར་ཐེངས་དང་པ་ བུམ་ཐང་ལུ་ སེན་ད་རྒྱལཔོ་སྲོག་སྐྱབས་འབད་བ་འབྱོན་པའི་སྐབས་ལུ་དར་ནི་འགོ་བཙུགས་ནུག།
ཨ་རྒས་ ལྷ་ཁང་བསྐོར་ར་བརྐྱབ་པའི་བསྒང་།
གཟིགས་སྐོར་གཉིས་པའི་ནང་ བོད་ལས་སྦེ་ ལྷུན་རྩེ་ སེང་གེ་རྫོང་ལུ་འབྱོན་ནུག། སེང་གེ་རྫོང་ལས་ གུ་རུ་ རྡོ་རྗེ་གྲོ་ལོ་གི་རྣབ་པ་ཞེས་ཏེ་ སྤ་རོ་སྟག་ཚང་ལུ་ སེམས་ཅན་སྟག་མོ་གཅིག་ལུ་ ཆིབས་ཏེ་ འཕུར་བྱོན་ནུག། དེ་ཁར་ ཟླཝ་གསུམ་སྒོམ་གནང་སྟེ་ བདུད་བསྟུལ་ཡོདཔ་དང་ གཟིགས་སྐོར་ཐེངས་གསུམ་པམ་དེ་ ནང་པ་མ་ཡིན་པའི་ རྒྱལཔོ་ ཁྱི་ཁ་ར་ཐོད་དམ་བཏགས་པར་འབྱོན་ཡོདཔ་ཨིན།
༡༢༢༢ ལུ་ ཕ་ཇོ་འབྲུག་སྒོམ་བཞི་པོ་ རྒྱལ་ཁབ་ནང་འབྱོན་ཏེ་ འབྲུག་པ་བཀའ་རྒྱུད་པའི་ཆོས་ལུགས་འགོ་བཙུགས་གནང་མི་དེ་ འབྲུག་གི་རྒྱལ་རབ་ནང་ལུ་ གལ་གནད་ཅན་ཅིག་ཨིནམ་མ་ཚད་ ཁོ་གི་སྲས་ཚུ་གིས་ཡང་ འབྲུག་པ་བཀའ་རྒྱུད་པའི་ཆོས་ལུགས་དར་ཁྱབ་གཏང་ནི་ལུ་ ཕྱག་ལཱ་མཛད་ཡོདཔ་ཨིན།
བོད་ལུ་ ཙང་སྡེ་སྲིད་དང་མ་སྒྲིགས་པ་ ༡༦༡༦ ལུ་ འབྲུག་ལུ་འབྱོན་མི་ ཞབས་དྲུང་ངག་དབང་རྣམ་རྒྱལ་དེ་ འབྲུག་གི་རྒྱལ་རབ་ནང་ལུ་ གལ་གནད་ཅན་གྱི་སྐྱེས་བུ་གཅིག་ཨིན། ཞབས་དྲུང་མཆོག་གིས་ འབྲུག་རྒྱལ་ཁབ་དེ་ ཆིག་སྒྲིལ་བཟོ་བ་གི་མ་ཚད་ འབྲུག་པ་བཀའ་རྒྱུད་པའི་ཆོས་ལུགས་དེ་ཡང་ དར་ཁྱབ་མཛད་ཡོདཔ་ལས་ ད་རེས་ནངས་པ་ འབྲུག་པ་ བཀའ་རྒྱུད་དེ་ རྒྱལ་ཁབ་ཀྱི་ཆོས་ལུགས་སྦེ་ ཡོངས་གྲགས་ཐོན་ཡོདཔ་ཨིན། ཨིན་དེ་རང་འབད་རུང་ རྙིང་མ་དང་ ཧིན་དུ་གི་ཆོས་ལུགས་ཚུ་ལུ་ཡང་ དད་པ་སྐྱེད་མི་ཡོདཔ་ཨིན།
དགེ་སློང་ཚུ་ སྐུ་རིམ་སྒྲུབ་པའི་བསྒང་།
གུ་རུ་རིན་པོ་ཆེ་དང་ ཕ་ཇོ་འབྲུག་སྒོམ་བཞི་པོ་ དེ་ལས་ཞབས་དྲུང་ངག་དབང་རྣམ་རྒྱལ་ མ་བརྩི་བ་ འབྲུག་རྒྱལ་ཁབ་ནང་ལུ་ ནང་པའི་ཆོས་ལུགས་དར་ཁྱབ་མཛད་མི་ སྔོན་འབྱོན་རྒྱལ་བ་གོངམ་ཚུ་ལེ་ཤ་ཅིག་ར་ཡོདཔ་ཨིན། འབྲུག་རྒྱལ་ཁབ་འདི་ ད་ལྟོ་བར་ན་ཡང་ ནང་པའི་ཆོས་ལུགས་དེ་ མ་ཉམས་པ་ཡོད་པའི་རྒྱལ་ཁབ་ཅིག་ཨིན། རྫོང་གཞི་དང་ ལྷ་ཁང་མགོན་སྡེ་ མཆོད་རྟེན་དང་ དར་ཤིང་ དེ་ལས་ མ་ནི་གདུང་འཁོར་ཚུ་ ས་གནས་མང་རབ་ཅིག་ནང་མཐོང་ཚུགསཔ་ཨིནམ་དང་ གདུང་རྒྱ་གླིང་ལ་སོགས་པ་ཚུ་གི་སྐད་དང་ མི་ཚུ་གིས་ལྷ་ཁང་དང་ མཆོད་རྟེན་ལ་སོགས་པ་ཚུ་ བསྐོར་ར་རྐྱབ་ནི་ཡོད་མི་དང་ དེ་ལས་དར་ཤིང་འཕྱར་སྲོལ་ཡོད་མི་ཚུ་གིས་ ནང་པའི་ཆོས་ལུགས་དེ་ ད་ལྟོ་བར་ན་ཡང་ མ་ཉམས་པ་ཡོད་པའི་ རྟགས་མཚན་ཚུ་སྟོནམ་ཨིན།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
