སྐད་ཡིག་ཚུ༌

ཤིང་སྣ་དང་སྲོག་ཆགས།

འབྲུག་རྒྱལ་ཁབ་དེ་ ནགས་ཚལ་མེད་པའི་ ས་ཁོངས་(མི་ཊར་ ༤༠༠༠)འབད་མི་དང་ ཚ་དྲོད་ལྡན་པའི་ས་ཁོངས་ (མི་ཊར་ ༢༠༠༠- ༤༠༠༠ ཚུན་ཚོད་) དེ་ལས་ ཀོ མི་ཊར་ (༡༥༠- ༢༠༠༠)ཚུན་ཚོད་འབད་མི་ ས་ཁོངས་ཚུ་ བརྩི་ཏེ་ ས་ཁོངས་གསུམ་ལུ་ བགོ་བཤའ་རྐྱབ་བཏུབ་ཨིན།
Alpine Zoneས་ཁོངས་(མི་ཊར་ ༤༠༠)
ས་ཆའི་མཐོ་ཚད་དང་ བསིལ་དྲོད་གནས་སྟངས་ལྡན་ཏོག་ཏོ་སྦེ་ཡོད་མི་དང་ རྒྱལ་ཁབ་ཀྱི་ས་ཆ་ བརྒྱ་ཆ་ ༧༢ དེ་ཅིག་ ནངས་ཚལ་གྱིས་ཁྱབ་ཡོདཔ་ལས་ འབྲུག་རྒྱལ་ཁབ་དེ་ ཤིང་སྣ་དང་ སྲོག་ཆགས་སྣ་ཚོགས་ཀྱི་ ཕྱུག་པའི་རྒྱལ་ཁབ་ཅིག་ཨིནམ་དང་ ཤར་ཕྱོགས་ ཧི་མ་ལ་ཡ་གི་ས་ཁོངས་ཚུ་ནང་ཡོད་པའི་ སྔོ་ཤིང་གི་རིགས་ བརྒྱ ཆ་ ༦༠ དེ་ཅིག་ འབྲུག་གི་ ནགས་ཚལ་ མ་འདྲཝ་ཚུ་ནང་ཡོདཔ་ཨིན།

Blue Poppyཚེར་སྔོན་མེ་ཏོག།དེ་མ་ཚད་ ཨས་ཏོག་མེ་ཏོག་གི་རིགས་ ༤༦ དེ་ཅིག་དང་ སྔོ་སྨན་གྱི་རིགས་ཚུ་ཡང་ཐོབ་ཚུགསཔ་ཨིན།
Red Pandaཨ་ལྕོ་གདོང་དཀར།འབྲུག་རྒྱལ་ཁབ་འདི་ སེམས་ཅན་གྱི་རིགས་ཚུ་གི་དོན་ལུ་ ཞིང་ཁམས་ཅིག་ཨིན། ས་ཁ་མཐོ་ས་ལུ་ གང་གཟིག་དང་ ཨ་ལྕོ་གདོང་དཀར་ སྟག་དང་ གྲོང་གིམ་རྩེ་ དེ་ལས་ཀ་ཤའི་རིགས་ཚུ་ ཡོདཔ་ཨིནམ་དང་ ཚ་དྲོད་ལྡན་པའི་ས་ཁོངས་ཚུ་ནང་ སྟག་དང་གཟིག་ སྤྱ་དང་ ཨ་ལྕོ་གདོང་དཀར་ རི་ཕག་དང་ ཤཝ་ཚུ་སྡོད་ས་ཨིན། ལྷོ་ཁ་ཐུག་གི་ནགས་ཚལ་ཚུ་ནང་ སྟག་དང་གཟིག་ གླངམོ་ཆེ་དང་ ནོར་བུ་སི་ལི་ ཆུ་གླང་དང་ སྤྱ་དཀར་གསེར་གྱི་མདོག་ཅན་ ཀ་ཤ་དང་གཞན་སེམས་ཅན་གྱི་རིགས་མ་འདྲཝ་ ལེ་ཤ་ཅིག་ར་ཡོདཔ་ཨིན།

འབྲུག་རྒྱལ་ཁབ་དེ་ བྱའི་རིགས་ཚུ་སྡོད་སའི་ ས་ཁོངས་ འོས་འབབ་ལྡན་ཏོག་ཏོ་ཅིག་སྦེ་ བརྩིཝ་ཨིནམ་དང་ སྐྱེ་ལྡན་སྣ་ཚོགས་ཀྱི་ས་ཁོངས་ཅིག་སྦེ་ངོས་འཛིན་འབད་ཡོདཔ་དང་ འཛམ་གླིང་ནང་གི་ གནས་ངེས་དར་ཁྱབ་སོང་ཡོད་པའི་ བྱའི་ས་ཁོངས་༢༢༡ དེ་ཅིག་གི་ནང་ལས་དྲག་ཤོས་ཅིག་ཨིནམ་ལས་ རྒྱལ་ཁབ་འདི་ལུ་ ཨིསི་ ཧི་མ་ལ་ཡཱན་ “ཧོཊི་ སིཔོཊི”(East Himalayan Hot Spot) ཟེར་ཡང་ སླབ་སྲོལ་ཡོདཔ་ཨིན། བྱའི་རིགས་ ༦༧༠ དེ་ཅིག་ ཐོ་བཀོད་འབད་ཡོདཔ་དང་ ད་རུང་དེ་བ་ལྷག་སྦེ་ཡང་ཡོདཔ་ཨིན།
Black Necked Craneཁྲུག་ཁྲུང་སྐེ་ནག།དེ་མ་ཚད་ འཛམ་གླིང་ནང་གནོད་ཉེན་སྲིད་པའི་བྱ་རིགས་རྒྱ་དཔྱ་ ༥༧ དེ་ཅིག་ཡོདཔ་ཨིནམ་ད་ རྒྱ་དཔྱ་ ༩༠ ནེ་ཅིག་རྒྱལ་ཁབ་ཀྱི་ནགས་ཚལ་ལུ་བརྟེན་པའི་དཀོན་དྲག་ཅན་གྱི་བྱ་རིགས་ཚུ་དམ་ འཛིན་འབད་་ཡོདཔ་ཨིན། རྒྱལ་ཁབ་ཀྱི་ནགས་ཚལ་འདི་ནང་ལུ་གནས་ཡོད་པའི་ བྱ་རིགས་མ་འདྲཝ་ ༤༡༥ དེམ་ཅིག་ཡོདཔ་ཨིནམ་ལས་ དེ་ནང་གནས་བཅགས་ཡོད་པའི་བྱ་རིགས་ཚུ་ ས་ཁ་མཐོ་དམན་ལ་སོགས་ཚུ་ནང་སྐྱབས་འཚོལ་ཏེ་སྡོདཔ་ཨིནམ་ལས་ བྱ་རིགས་དེ་ཚུ་ ནམ་གཤིས་ཀྱི་འགྱུར་བ་ལུ་བརྟེན་ཏེ་ ཡར་མར་གནས་སྤོ་སྟེ་སྡོདཔ་ཨིན།། བྱ་རིགས་ཚུ་ལས་ ཆུ་བྱའི་རིགས་ ཧ་ལམ་ ༥༠་དེ་ཅིག་གནམ་དགུན་ལུ་གནས་གནས་སྤོ་འགྱོཝ་ཨིནམ་ད་ ཁུ་བྱུག་དང་སེར་སྦྱངམ་ཟ་མི་བྱའི་རིགས་མ་འདྲཝ་ ཧ་ལམ་ ༤༠ དེ་ཅིག་གནམ་བྱ་གི་དུས་ཚོད་ལུ་འོངམ་ཨིན། རྒྱལ་ཁབ་འདི་གིས་ རྒྱལ་སྤྱིའི་ནང་ལུ་ ཉེན་ཁ་འབྱུང་སྲིད་པའི་བྱ་རིགས་མ་འདྲ་གྱངས་ཁ་ ༡༦ ལྷག་ཙམ་གནས་ཆགས་ཏེ་ཡོདཔ་ཨིན།
དེ་གིས་མ་ཚད་པར་ རྒྱལ་ཁབ་འདི་གིས་ ་ཁྲུག་ཁྲུང་སྐེ་ནག་ལ་སོགས་པའི་ དཀོན་དྲག་ཅན་གྱིབྱའི་རིགས་ཚུ་ལུ་ གནམ་དགུན་གྱི་ཆགས་གནས་ གལ་ཅད་གཅིག་ཨིན།

འབྲུག་རྒྱལ་ཁབ་འདི་ བྱ་རིགས་སྣ་ཚོགས་གནས་པའི་ ནགས་ཚལ་རྩ་ཅན་ ༡༠ ལས་གཅིག་ངོས་འཛིན་འབད་དི་ཡོདཔ་ལས་བརྟེན་ རང་བཞིན་གནས་སྟངས་ཀྱི་ལས་སྡེ་ཚུ་གིས་ འགོ་འདྲེན་ཐོགས་ལས་ དེ་ཚུ་ ཉེན་སྲུང་དང་སྲུང་སྐྱོབས་འབད་དི་ རང་བཞིན་གནས་སྟངས་འདི་བདག་འཛིན་འབད་ནི་ལུ་ གཙོབོ་སྟོན་ཡོདཔ་ཨིན།

དེ་བཟུམ་མའི་ལས་སྡེ་ཚུ་ཡང་:

  • རྒྱལ་ཡོངས་ མཐའ་འཁོར་གནས་སྟངས་ལྷན་ཚོགས།
  • རྒྱལ་གཞུང་ རང་བཞིན་གནས་སྟངས་ སྲུང་སྐྱོབ་ཚོགས་པ།
  • ནགས་ཚལ་ཞབས་ཏོག་ ལས་ཁུངས།
  • རང་བཞིན་གནས་སྟངས་ སྲུང་སྐྱོབ་ ལས་ཁུངས།
  • འབྲུག་བློག་གཏད་ མ་དངུལ།
  • ཞལ་འདེབས་ལས་ཚོགས།
  • འབྲུག་ལྟ་བཤལ་ལས་སྡེ།