༢༠༠༦ - དུས་རབས་ གསརཔ།
མི་དབང་ འཇིགས་མེད་གེ་སར་མཆོག་གིས་ འབྲུག་རྒྱལ་ལྔ་པ་སྦེ་ མི་མང་ལུ་ གསུང་བཤད་འགོ་དང་པ་དེ་ དབྱིན་ལོ་ ༢༠༠༦ དབྱིན་ཟླ་ ༡༢ པའི་ དབྱིན་ཚེས་ ༡༧ ལུ་ ལྕང་གླིང་མེ་ཐང་ལུ་སྦེ་ གནང་ཡི། མི་དབང་མཆོག་གིས་ འབྲུག་རྒྱལ་བཞི་པ་དེ་ རྒྱལ་ཁབ་ཀྱི་ ནོར་བུ་དང་ ང་བཅས་རའི་ཕམ་ བཟུམ་ཅིག་ཨིན་ཟེར་གསུངས་གནང་ཡི།
མི་དབང་ འཇིགས་མེད་གེ་སར་མཆོག།
ད་རུང་མི་དབང་མཆོག་གིས་ ཁོ་གིས་ རྒྱལ་ཁབ་ཀྱི་ ཞི་བདེ་དང་རང་དབང་ དེ་ལས་ ཉེན་སྲུང་ཚུ་ སྲུང་སྐྱོབ་འབད་ནི་དང་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་བསྒྲུབ་ནི་ དམང་གཙོའི་རིང་ལུགས་གསརཔ་དེ་ སྒྲིང་སྒྲིང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་ཟེར་གསུངས་ཡོདཔ་དང་ དེ་བཟུམ་གྱི་ དམིགས་ཡུལ་ཚུ་ ནུས་ཤུགས་ཅན་གྱི་དཔལ་འབྱོར་ སྒྲིང་སྒྲིང་བཟོ་དེ་ མི་སེར་རེ་རེ་བཞིན་དུ་གི་ བརྩོན་ཤུགས་བསྐྱེད་ཐོག་ལས་ བསྒྲུབ་ཚུགས་ཟེར་གསུངས་གནང་ཡི།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
