སྐད་ཡིག་ཚུ༌

༡༩༨༥ - འབྲུག་རྒྱལ་ཁབ་ ལྷོ་ཨེ་ཤི་ཡ་ ལུངས་ཕྱོགས་མཐུན་འབྲེལ་ཚོགས་པ་ནང་ འཛུལ་ཞུགས།

འབྲུག་རྒྱལ་ཁབ་དེ་ ༡༩༨༥ ལུ་ ལྷོ་ཨེ་ཤི་ཡ་ ལུངས་ཕྱོགས་མཐུན་འབྲེལ་ཚོགས་པའི་ གཞི་བཙུགས་འཐུས་མི་སྦེ་ འཛུལ་ཞུགས་འབད་ནུག། ཚོགས་པ་འདི་གིས་ འཐུས་མི་རྒྱལ་ཁབ་ འབྲུག་དང་བང་ལ་དེཤ་ རྒྱ་གར་དང་མཱལ་དིབསི་ ནེཔཱལ་དང་པ་ཀིསི་ཏཱན་ དེ་ལས་ སིརི་ལང་ཀ་ཚུ་གི་བར་ན་ མཐུན་འབྲེལ་བཟོ་ནིའི་དོན་ལུ་ སྲིད་མིན་གྱི་ཚོགས་པ་གཅིག་སྦེ་ འགོ་བཙུགས་ནུག། འདི་གིས་ ཤར་ལྷོ་ཨེ་ཤི་ཡའི་མི་སེར་ཚུ་ལུ་ མཐུན་འབྲེལ་དང་ བློ་གཏད་ གོ་ཤེས་ཉན་ཤེས་ཀྱི་ཐོག་ལས་ མི་སྡེ་དཔལ་འབྱོར་གོང་འཕེལ་ལུ་ བརྩོན་ཤུགས་བསྐྱེད་བཅུགཔ་ཨིན།
Bhutan joins SAARCའབྲུག་རྒྱལ་ཁབ་ ལྷོ་ཨེ་ཤི་ཡ་ ལུངས་ཕྱོགས་མཐུན་འབྲེལ་ཚོགས་པ་ནང་ འཛུལ་ཞུགས།
མི་དབང་མངའ་བདག་ རིན་པོ་ཆེ་མཆོག་གིས་ ལྷོ་ཨེ་ཤ་ཡ་ནང་འཁོད་ལུ་ ལུངས་ཕྱོགས་མཐུན་འབྲེལ་གྱི་སྐོར་ལས་ཧ་གོ་སྟེ་ ༡༩༨༥ ལུ་ སཱརཀ་ གི་ ཞལ་འཛོམས་ཆོགས་གནང་པའི་སྐབས་ མི་དབང་མཆོག་གིས་ གསུངས་མི་ནང་ལུ་ "ང་བཅས་ར་ མི་རིག་མ་འདྲཝ་ཨིན་རུང་ཡང་ ལོངོ་མང་རབ་ཅིག་གི་རིང་ལུ་ མི་སེར་ཚུ་གི་བར་ན་མཐུན་ལམ་གྱི་ཐོག་ལས་ གནས་ཡོདཔ་མ་ཚད་ ས་ཆའི་གནས་སྟངས་ལས་བརྟེན་ ག་ར་ རིགས་མཐུནམ་ཨིན" ཟེར་གསུངས་གནང་ནུག།