སྐད་ཡིག་ཚུ༌

སྐུ་འཁོར་དང་འབྲུག་མི་ཚུ།

འབྲུག་མི་ཚུ་གིས་བཞག་ས་དང་ལམ་སྟོན་པ་དེ་ལས་ སྐྱབས་འཚོལ་སའི་ཡུལ་ཅིག་སྐུ་འཁོར་འདི་ཨིན། སྐུ་འཁོར་འདི་སྤྱི་སྡེ་ནང་ལུ་གནོད་རྐྱེན་ དཔེར་ན་ ན་ཆུང་ཁྲིམས་འགལ་བ། དབུལ་ཕོངས་དེ་ལས་ཨམ་སྲུ་དང་ཨ་ལོ་ཚུའི་དབང་ཆ་མེདཔ་ལ་སོགས་པ་ཚུ་ རྩ་མེད་གཏང་ནིའི་བྱ་རིམ་ནང་ལུ་ལཱ་འགན་འབག་ཐངས་ཀྱི་གཞི་བཞག་ས་ཅིག་ཨིན། དེ་འབདཝ་ལས་འབྲུག་མི་ག་ར་གིས་སྤྱི་སྡེ་ནང་ལུ་གནོད་རྐྱེན་ཚུ་རྩ་མེད་གཏང་ ནིའི་བྱ་བ་ལུ་བརྩོན་དོ་ཡོདཔ་དང་འདི་བཟུམ་མའི་ ཕན་ལས་འགོ་འདྲེན་འཐབ་མི་སྐྱབས་འཛིན་པ་སྐུ་འཁོར་ཚུ་ལུ་འབྲུག་མི་ག་ར་གིས་བཀའ་ དྲིན་དགའ་ཚོར་ཡོདཔ་ཨིན། མ་འོང་པའི་དོན་ལུ་ན་གཞོན་ཚུའི་ལཱ་འགན་སྦོམ་ཡོདཔ་ལས་ན་གཞོན་ཚུའི་ལམ་སྟོན་པ་ ཡང་སྐུ་འཁོར་གྱིས་མཛདཔ་ཨིན།
HRH The 4th King with the peopleམི་དབང་འབྲུག་རྒྱལ་བཞི་པ་མཆོག་ མི་སེར་ཚུ་དང་གཅིག་ཁར་ལྷན་བཞུགས།
མི་དབང་ འབྲུག་རྒྱལ་བཞི་པ་མཆོག་གིས་དངོས་སུ་སྦེ་འབྲུག་གི་གཡུས་ཚན་མཐའ་གཡུས་མེད་པར་ ཞབས་ཀྱི་བཅག་ཏེ་མི་སེར་ཚུ་གིས་བསམ་པ་དང་རེ་བ་དེ་ལས་དགོས་མཁོ་ཚུ་ག་ཅི་རང་ ཡོད་ག་གཟིགས་ཏེ་སྐྱིད་སྡུག་ཚུ་གནང་མི་དེ་ལུ་མི་སེར་ཚུ་ཡང་བློ་སྤོབས་དང་ལཱ་ ལུ་སེམས་ཤུགས་ སྦོམ་སྦེ་རང་ཐོབ་ཡོདཔ་ཨིན། དེའི་ནང་དོན་ཉིད་ལས་མི་སེར་ཚུ་དང་གསུང་གྲོས་གནང་མི་དེ་གིས་མི་དབང་མཆོག་ལུ་ རྒྱལ་ཁབ་དང་མི་སེར་ཚུ་ལུ་ཕན་པའི་ལས་འགུལ་གསར་བཟོ་འབད་ནི་ལུ་ཐབས་རིག་གི་ མཁྱེན་རྒྱ་ཐོབ་སྟེ་སྤྱི་ཚོགས་ལུ་ཕན་པའི་ལས་འགུལ་ཚུ་གཞི་བཙུགས་གནང་སྟེ་ཡོདཔ་ ཨིན། མི་དབང་མཆོག་གིས་རྒྱལ་ཁབ་ཀྱི་མཐའ་དོན་ལུ་གཟིགས་ཏེ་སྐུ་སྲོག་ལུ་ཡང་མ་ཕངས་པར་ རྒྱལ་ཁབ་ལུ་ངོ་འགོལ་རྐྱབས་མི་དམག་སྡེ་གི་གདོང་སྒོར་བྱོན་ཡོདཔ་ཨིན།

HM the 5th King with the peopleམི་དབང་འབྲུག་རྒྱལ་ལྔ་པ་མཆོག་ མི་སེར་ཚུ་དང་གཅིག་ཁར་ལྷན་བཞུགས།མི་དབང་མཆོག་གིས་སིཀའུཊ་གི་ཚོགས་པ་ནང་ལུ་སྐྱབས་འཛིན་གཙོ་བོ་མཛད་དེ་ན་གཞོན་ ཚུའི་མི་ཚེ་འདི་འོས་འབབ་དང་ལྡནམ་བཟོ་ཡོདཔ་ཨིན། ལས་རིམ་འདི་གིས་ ན་གཞོན་ཚུ་ལུ་སྤྱི་སྡེ་མཐུན་ཏོག་ཏོ་བཟོ་ནི་ལུ་བཅའ་མར་གཏོགས་བཅུགཔ་མ་ཚད་ན་ གཞོན་ཚུ་དང་སྤྱི་སྡེ་ལུ་ཕན་ཐོག་པའི་ལཱ་འབད་ནི་ལུ་རོགས་རམ་འབད་ཡོདཔ་ཨིན། མི་དབང་མཆོག་གི་སློབ་གྲྭའི་སློབ་ཕྲུག་ཚུ་ལུ་བློ་སྤོབས་གནང་ཡོདཔ་ལས་སློབ་ ཕྲུག་ཚུ་མང་ཤོས་རང་སིཀའུཊ་ཚོགས་པ་ནང་བཅའ་མར་གཏོགས་ཏེ་ཡོད། དེ་བཟུམ་མའི་ལས་རིམ་འདི་གིས་སྤྱི་སྡེ་ནང་ཕན་ཐོག་པའི་ལཱ་འབད་ནིའི་འགན་ཁུར་ ཚུ་ཁོང་ན་གཞོན་ཚུ་ལུ་ཕོགཔ་ཨིནམ་སེམས་ངེས་བཅུགཔ་ཨིན།

འབྲུག་གི་མི་སེར་མཉམ་ཆུང་ ཁྱིམ་མེད་མི་ཚུ་ལུ་ཁྱིམ་དང་བཟའ་ནི་མེད་མི་ཚུ་ལུ་བཞེས་སྒོ་ ནདཔ་ཚུ་ལུ་སྨན་དེ་ལས་སྤྱང་ཀའི་ཨ་ལོ་ཚུ་ལུ་ཤེས་རིག་ཡོན་ཏན་ལ་སོགས་པའི་སྐྱིད་ སྡུག་གཟིགས་མི་ཏཱ་ར་ཡཱ་ན་གཞི་རྟེན་ཚོགས་པའི་སྐྱབས་འཛིན་པ་མི་དབང་ཨེ་ཞེ་རྡོ་ རྗེ་དབང་མོ་དབང་ཕྱུག་མཆོག་ཨིན། མི་དབང་ཨ་ཞེ་མཆོག་ ཏ་ར་ཡཱ་ནའི་སྦྱིན་བདག་མཛདཔ་ལས་འབྲུག་གི་ས་གནས་ཐེམ་ཐེད་ཀར་བྱོན་ཏེ་མི་སེར་ ཚུའི་དཀའ་ངལ་ཚུ་གསན་ཏེ་སྐྱིད་སྡུག་ཕོག་མི་ཚུ་ལུ་སྐྱིད་སྡུག་གནང་ནི་དང་གསུང་ གྲོས་གནང་མི་འདི་ལུ་མི་སེར་ཚུ་བློ་སྤོབས་ཐོབ་ཏེ་ད་ལྟོ་དང་མ་འོངས་པའི་དོན་ ལུ་ལཱ་འབད་ནི་ལུ་བརྩོན་ཤུགས་བསྐྱེད་ཡོདཔ་ཨིན། འགན་ཁྲི་ཅན་གྱི་ཕྱག་ལཱ་གནང་ཡོད་པའི་སྐོར་ལས་ མི་དབང་ཨ་ཞེས་མཆོག་གི་ཀི་དེབ་ “ A Portrait of Bhutan: Treasures of the Thunder Dragon.” ལ་སོགས་པ་ཚུ་ནང་བཀོད་དེ་ཡོད།

མི་དབང་ཨ་ཞེ་ཚེ་རིང་པདྨ་ དབང་ཕྱུག་མཆོག་ ན་གཞོན་གོང་འཕེལ་མ་དངུལ་གྱི་སྐྱབས་འཛིན་པ་མཛད་དེ་ཡོདཔ་ཨིན། མི་དབང་འབྲུག་རྒྱལ་བཞི་པ་དང་ལྔ་པའི་ཐུགས་ཀྱི་གོང་ཞེས་ལྟར་ མི་དབང་ཨ་ཞེ་མཆོག་གི་ཡང་ན་གཞོན་ཚུ་མ་འོངས་པའི་དོན་ལུ་སྒྲིང་སྒྲིག་བཟོ་ནི་ དང་ལྕོགས་སྒྲུབ་ ཅན་བཟོ་བཞིན་པ་རང་ཡོདཔ་ལས་ མི་དབང་ཨ་ཞེ་མཆོག་གིས་འགོ་འདྲེན་མཛད་དེ་ན་གཞོན་ཚུ་ལུ་སྤྱི་སྡེ་ནང་ཚུདཔ་བཟོ་ ནི་དང་ཡོན་ཏན་གནང་ནི་ལུ་ག་དེ་དྲག་དྲག་བཙོན་དེ་ཡོདཔ་མ་ཚད་ན་གཞོན་ཚུ་ལཱ་ངནམ་ དང་རྐྱེན་ངནམ་ཚུ་ལུ་སྤྱོད་མི་བཅུག་ནིའི་ཐབས་ལུ་ལས་རིམ་ཁག་ལེ་ཤ་བཟོ་གནང་སྟེ་ བཅའ་མར་གཏོགས་བཅུགཔ་ཨིན།

མི་དབང་ཨ་ཞེ་སངས་རྒྱས་ཆོས་ སྒྲོན་དབང་ཕྱུག་མཆོག་ མི་རློབས་ཀྱི་དོན་ལུ་འཛམ་གླིང་སྤྱི་ཚོགས་མ་དངུལ་ཚོགས་པའི་སྐུ་ཚབ་མཛད་དེ་ ཡོདཔ་ཨིན། མི་དབང་ཨ་ཞེ་མཆོག་གིས་རྒྱལ་ཁབ་མཐའ་གཡུས་མེད་པར་མི་རློབས་ཀྱི་སྐོར་ལས་ཤེས་ ཡོན་དང་སྐུལ་ཁྱབ་བརྡ་སྤྲོད་ཀྱི་གསུང་སྒྲོས་གནང་སྟེ་བྱོན་ཡི། བཟའ་ཚང་ལ་ལོ་གཅིག་ལུ་ཨ་ལོ་བཅུ་ཐམ་ལས་ལྷགཔ་སྦེ་ཡོད་ནི་འདི་གིས་གསོ་མ་ཚུགས་ པའི་དཀའ་ངལ་བྱུང་ཡོདཔ་དང་དཀའ་ངལ་གཞན་ཡང་ལེ་ཤ་བྱུངམ་ལས་ དུས་དེ་རེས་ མི་སེར་ཚུ་གིས་མི་རློབས་མངམ་ད་ལུ་དཀའ་ངལ་ཡོདཔ་ཧ་དགོ་སྟེ་བཟའ་ཚང་ནང་ལུ་ག་དེ་ དྲག་དྲག་ཨ་ལོ་ཉུང་ཀུ་བཟོ་ཡོདཔ་ཨིན། སྐུལ་ཁྱབ་བརྡ་སྤྲོད་ལས་རིམ་དེའི་འབྲུག་གི་མི་རློབས་ཚུ་ནད་གཞི་ཨེཌིསི་གི་ སྐོར་ལས་ཡང་གོ་རྟོགས་འབད་ཡོདཔ་ཨིན།
Her Majesty Ashi Tshering Yangdon Wangchuckམི་དབང་རྒྱལ་བཙུན་ཨ་ཞེ་ ཚེ་རིང་གཡང་སྒྲོན་དབང་ཕྱུག
མི་དབང་ཨ་ཞེ་ཚེ་རིང་དབྱངས་སྒྲོན་མཆོག་གིས་མི་ དབང་རྒྱལ་ཡུམ་གྱི་གཞི་བཙུགས་གནང་ཡོད་པའི་བྱ་ཁྱུང་དཀར་མོ་སྤྱི་སྡེའི་ཚོགས་པ་ གི་ཁྲི་འཛིན་ནམ་སྐྱབས་འཛིན་མཛད་དེ་ཡོདཔ་ཨིན། ཚོགས་པ་དེ་གིས་གསོ་བ་ སོ་ནམ་ མཐའ་འཁོར་གནས་སྟངས་དེ་ལས་ཤེས་རིག་ཚུ་ལུ་མི་སྡེའི་ཞབས་ཏོག་ཚུ་ཁེས་ལེན་འབད་ ཡོདཔ་ཨིན། དེའི་ནང་དོན་ཉིད་ལས་ཨ་ནེམོ་ཚུའི་ལཱ་འགན་རྒྱ་སྐྱེད་གཏང་ནི་དང་གཞན་ཡང་གཙུག་ སྡེ་ཚུ་དང་ལག་གཡོག་སྦྱོང་བརྡར་ཚུ་སྤྱི་སྡེ་ནང་ལུ་ཕན་ཐོག་ཚུགས་ནི་དོན་ལུ་ གཞི་བཙུགས་འབད་ནི་ཚུ་ཚོགས་པ་དེའི་དམིགས་ཡུལ་ངོ་མ་ཅིག་ཨིན། ད་ལྟོ་ ཚུན་ཚོགས་པ་དེ་གིས་གྲོགས་རམ་ སྤུ་ན་ཁ་ལུ་བྱ་ཁྱུང་དཀར་མོའི་ཨ་ནེམོ་ཚུའི་སྡོད་ཁྱིམ་ཚུ་དང་ སྤ་རོ་ཀི་ལ་མགོན་པ་ཉམས་བཅོས་འབད་ཡོདཔ་ཨིན།
HM the 5th King with the disabled kidsམི་དབང་འབྲུག་རྒྱལ་ལྔ་པ་མཆོག་ དབང་པོ་སྐྱོད་ཅན་གྱི་ཨ་ལུ་ཚུ་དང་གཅིག་ཁར་ལྷན་བཞུགས།
སྐུ་འཁོར་བཟའ་ཚང་གཞམ་མི་ག་ར་རྒྱལ་ཁབ་ཀྱི་ལས་ རིམ་ག་ཅི་རང་ཡོད་རུང་དེ་ནང་བཅའ་མར་གཏོགསཔ་ཨིནམ་དང་མི་སེར་ཚུ་ལུ་གསུང་གྲོས་ གནང་དེ་ལས་སྐྱིད་སྡུག་གནང་སྟེ་མི་སེར་ཚུ་ལུ་བློ་སྤོབས་བཙུགས་ཏེ་ རྒྱལ་ཁབ་ཀྱི་མི་སེར་ཚུ་ལུ་དཔེ་བཟང་པོ་དང་ལམ་བཟང་པོ་སྟོན་མི་དགེ་བའི་བཤེས་ བཉེན་བཟུམ་ཅིག་སྐུ་འཁོར་འདི་ཨིན།