སྐད་ཡིག་ཚུ༌

རྒྱལ་སྲས་མཆོག་གི་སྐུ་ཡོན།

“རྒྱལ་སྲས་འཇིགས་མེད་ལུ་ དེ་བཟུམ་མའི་ ཁོ་རའི་རྒྱལ་ཁབ་ནང་ མ་འོངས་དམངས་གཙོའི་གཞུང་འདི་ལུ་ ཐུགས་ཀྱི་ཚ་གྱང་དང་ སྤྲོ་བ་བདག་སྣང་བསྐྱེད་པའི་བློ་རིག་གསལ་བའི་གང་ཟག་ཅིག་ཨིནམ་ ནམ་ཡང་མ་ཤེས་་་་་།”
-ཨོགསི་ཕོརཌ་གཙུག་ལག་སློམ་སྡེ་ སྲིད་བྱུས་དང་རྒྱལ་སྤྱི་མཐུན་འབྲེལ་ལས་ཁུངས་ནང་ལས་ མཁས་དབང་ མརཀ་ཕི་ལིབ།

ཤེས་རིག་གིས་ མིའི་བསམ་སྤྱོད་ཡར་དྲགས་བཟོཝ་ཨིནམ་སྦེ་ཡང་སླབ་སྲོལ་ཡོད་དོ་བཟུམ་སྦེ་ ཤེས་ཡོན་སྦྱང་སའི་ས་གནས་འདི་ མི་རང་ར་སོར་སོའི་བྱ་སྤྱོད་དང་སྣང་ཚུལ་ དེ་ལས་ དམིགས་དོན་ཚུ་འབྱུང་སའི་ཆ་རྐྱེན་ངོ་མ་ཅིག་ཨིན། ཤེས་ཡོན་འདི་གིས་ འབྲིང་ཙམ་གྱི་མི་ག་ར་ཨིན་རུང་ ཡ་རབས་བཟང་པོའི་ལམ་ལུ་བཙུགསཔ་ཨིནམ་དང་ ལྷག་པར་ མ་འོངས་རྒྱལ་པོ་ཚུ་ལུ་ ཤིན་ཏུ་ཁག་ཆེཝ་ཨིན།

Changmai, Thailand, HM receives Honorary Doctorate Degree in Philosophy, Politics & Economics from Rangsit University, Nov’ 2006མི་དབང་མཆོག་གིས་ སྤྱི་ལོ་ ༢༠༠༦ སྤྱི་ཟླ་ ༡༡ པའི་ནང་ ཐའི་ལེནཌ་ལུ་ཡོད་པའི་རང་སིཊི་གཙུག་ལག་སློབ་གྲྭ་ནང་ལས་ ནང་དོན་རིག་པ་དང་སྲིད་དོན་དེ་ལས་ དཔལ་འབྱོར་ནང་ མཁས་དབང་གི་ཤེས་ཡོན་་བཞེས་ཡོདཔ།རྒྱལ་སྲས་མཆོག་ སྐུ་ཡོན་དང་པ་ ང་བཅས་རའི་རྒྱལ་ཁབ་ནང་ འབྲུག་པའི་ན་གཞོན་ཚུ་དང་འདྲ་མཉམ་སྦེ་བཞེས་ཡོདཔ་དང་ ཤུལ་ལས་ ཡུ་ཨེསི་ ཀུ་ཤིང་གཙུག་ལག་སློབ་སྡེའི་ནང་བཞུགས་པའི་སྐབས་ ཁོ་རའི་སློབ་དཔོན་གྱིས་ རྒྱལ་སྲས་འདི་ སློབ་ཁང་ནང་ སྙིང་རུས་ཅན་ཅིག་ཨིནམ་མ་ཚད་ བཞུགས་ཡང་གདོང་ཁར་བཞུགས་ཞིན་ན་ སློབ་དཔོན་གྱི་ཁ་ལས་ག་ཅི་ར་འཐོན་རུང་ སེམས་བག་ཡེངས་ཀྱི་དབང་ལུ་མ་བཏང་པར་ ཁོང་ལུ་བཙུགས་ཏེ་བཞུགས་ལུགས་ སེམས་ཁར་དྲན་མས་ཟེར་གསུངས་ཡོདཔ་ཨིན།
དོ་རུང་ ཀུ་ཤིང་གི་སྐྱེ་དངོས་རིག་པའི་སློབ་དཔོན་གྱིས་ རྒྱལ་སྲས་མཆོག་ སློབ་ཁང་ནང་ མང་ཤོས་ར་ ཁུ་སིམ་སིམ་དང་གཟབ་གཟབ་སྦེ་བཞུགསཔ་ཨིནམ་དང་ དེ་བསྒང་ལས་ ཁོ་གིས་ སློབ་དཔོན་གྱིས་སྟོན་མི་ཡོན་ཏན་ཚུ་ རིག་པ་གིས་བརྟག་ཤིང་དཔྱད་དེ་ ཁོང་ལུ་ཆུདཔ་ཨིནམ་ཤེས་ཟེར་ མི་ཅི་ལི་ བརཝུན་གྱིས་གསུངས་ཡོདཔ་ཨིན།

མི་དབང་རྒྱལ་སྲས་ མེ་ས་ཅུ་སེཊིསི་ ཝི་ཊོན་མཐོ་རིམ་སློབ་གྲྭ་ནང་བཞུགས་པའི་བསྒང་ལས་ར་ གཞན་སློབ་ཕྲུག་ཚུ་དང་མ་འདྲ་བའི་བརྩོན་འགྲུས་དང་འགན་ཁུར་བཞེད་དེ་ མ་འོངས་རྒྱལ་པོའི་ཁྱད་ཆོས་ཕུལ་དུ་ཕྱིན་ཅི་ཟེར་གསུངས་ཡོདཔ་ཨིན། དོ་རུང་རྒྱལ་སྲས་ཀྱིས་ ཁོ་རའི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཞི་བདེ་ལུ་དམིགས་ཏེ་ ཆོས་ཚན་ཡང་ ཚོང་རིག་ སྲིད་རིག་ དེ་ལས་ སྤྱི་ཚོགས་དང་ཆོས་དང་འབྲེལ་བའི་ཆོས་ཚན་ཚུ་ལུ་ སྤྲོ་བ་དང་བདག་སྣང་སྦོམ་བསྐྱེད་དེ་ སྦྱང་བརྩོན་མཛད་ཐངས་ལུ་བལྟ་སྟེ་ ཧ་ལས་ཅི་ཟེར་ ཨིང་ལིཤ་ འགན་རོགས་ གཙུག་ལག་ལེགས་སྦྱར་བ་ སུ་སཱན་ཌི་ཡ་རིང་གིས་ གསུངས་ཡོདཔ་ཨིན། ཁོ་ཡང་ རེ་ཅིག་སྐབས་ རྒྱལ་སྲས་མཆོག་གིས་ དགུང་ལོ་ཆུང་ཀུ་བསྒང་ལས་ར་ དེ་བཟུམ་མའི་ཐུགས་ཀྱི་ཚ་གྱང་དང་འགན་ཁུར་སྦོམ་བཞེས་ཏེ་ ག་དེ་འབད་ཚུགས་ག་མནོ་སྡོད་ཡོད་རུང་ ཕྱག་འགན་དང་འཁྲིལ་བའི་ཕྱག་ལཱ་མཛདཔ་མས་ཟེར་གསུངས་ཡོདཔ་ཨིན།

མི་དབང་རྒྱལ་སྲས་མཆོག་ སྤྱི་ལོ་ ༢༠༠༠ ལུ་ ཡུ་ཀེ་ ཨོགསི་ཕོརཌ་གཙུག་ལག་སློབ་གྲྭ་ནང་འཕེབས་པའི་བསྒང་ལས་ རྒྱལ་སྲས་ཀྱིས་ མ་འོངས་རྒྱལ་པོའི་ཕྱག་འགན་བཞེས་ཐབས་ལུ་ འདུན་པ་རྩེ་གཅིག་ཏུ་བསྐྱེད་དེ་ ཤེས་ཡོན་ལུ་ལྷུར་བརྩོན་གྱི་གོམས་འདྲིས་ཚུད་དེ་འདུག།

ཨོགསི་ཕོརཌ་ མེག་ཌ་ལེན་གཙུག་ལག་སློབ་གྲྭའི་གཙོ་འཛིན་ ཨེན་ཐོ་ནི་ སི་མིཏ་གིས་ ཨོགསི་ཕོརཌ་ལུ་ སློབ་སྟོན་འབད་བའི་སྐབས་ རྒྱལ་སྲས་མཆོག་ ཕྱི་སྐུ་གཟུགས་ཕྱི་རྒྱལ་ལུ་བཞུགས་རུང་ ནང་ཐུགས་ཀྱི་དགོངས་བཞེད་བླ་ན་མེད་པ་འདི་ ཁོ་རའི་རྒྱལ་ཁབ་ནང་ལུ་ འཁྱམས་ཏེ་ འབྲུག་གི་མི་སེར་ཁོ་ན་ལུ་ཕན་པའི་ཐབས་ཤེས་ག་ཅི་ར་དགོཔ་འདུག་ག་ མངོན་པར་གཟིགས་ཏེ་ དེའི་དགོས་མཁོ་དང་འཁྲིལ་བའི་ཤེས་ཡོན་ཚུ་ འདུན་པ་རྩེ་གཅིག་ཏུ་བསྐྱེད་དེ་ སྦྱང་བརྩོན་འབདཝ་མ་ཚད་ རྒྱལ་སྲས་ཀྱིས་ ཆབ་སྲིད་རིག་པའི་ཀི་དེབ་མ་འདྲཝ་ཚུ་ ལེགས་ཤོམ་སྦེ་ལྷག་མི་དེ་ཡང་ ལོག་ཁོ་རའི་རྒྱལ་ཁབ་ནང་ ལྷོདཔ་ད་ དེ་ལས་ཐོབ་པའི་ཡོན་ཏན་ཚུ་འབྲུག་གི་དམངས་གཙོའི་རིངས་ལུགས་ནང་ ལག་ལེན་འཐབ་ཚུགས་པའི་ཐབས་ལུ་དམིགས་ཏེ་ཨིན་མས་ཟེར་བཀོད་དེ་ཡོདཔ་ཨིན།

མི་དབང་རྒྱལ་སྲས་མཆོག་གིས་ ཤེགསི་པི་རེན་རྩོམ་རིག་དང་ནང་དོན་རིག་པ་ དེ་ལས་ དཔལ་འབྱོར་རིག་པ་དང་ཕྱི་འབྲེལ་སྲིད་སྐྱོང་རིག་པའི་ནང་ སྤྲོ་བ་རྒྱ་ཆེཝ་སྦེ་ཡོད་རུང་ མཇུག་མཐར་ དེ་ལས་ལྷག་པའི་འབྲུག་རྒྱལ་ཁབ་ཀྱི་མི་སེར་གྱི་མཐའ་དོན་གཟིགས་ནི་ལུ་ ཐུགས་ཀྱི་སྤྲོ་བ་སྦོམ་བཞེས་ཡོདཔ་ཨིན།
ཨོགསི་ཕོརཌ་གཙུག་ལག་སློམ་སྡེའི་ སྲིད་བྱུས་དང་རྒྱལ་སྤྱི་མཐུན་འབྲེལ་ལས་ཁུངས་ནང་ལས་ མཁས་དབང་ མརཀ་ཕི་ལིབ་ཀྱིས་ རྒྱལ་སྲས་འཇིགས་མེད་ལུ་ དེ་བཟུམ་མའི་ ཁོ་རའི་རྒྱལ་ཁབ་ནང་ མ་འོངས་དམངས་གཙོའི་གཞུང་འདི་ལུ་ ཐུགས་ཀྱི་ཚ་གྱང་དང་ སྤྲོ་བ་བདག་སྣང་བསྐྱེད་པའི་བློ་རིག་གསལ་བའི་གང་ཟག་ཅིག་ཨིནམ་ ནམ་ཡང་མ་ཤེས་ཟེར་བཤདཔ་ཨིནམ་དང་ རྒྱལ་སྲས་མཆོག་ ཕྱི་རྒྱལ་ལུ་བཞུགས་པའི་སྐབས་ འཛམ་གླིང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་དམངས་གཙོའི་གཞུང་འདི་ལུ་ ལེགས་ཤོམ་སྦེ་དབྱེ་ཞིབ་མཛད་དེ་ ཁོ་རའི་རྒྱལ་ཁབ་ནང་ དམངས་གཙོའི་གཞུང་འགོ་བཙུགས་ནི་ལུ་ ལྷག་བསམ་རྣམ་དག་གི་སྒོ་ལས་ ལྷུར་བརྩོན་མཛད་དེ་བཞུགས་ནུག།

མི་དབང་རྒྱལ་སྲས་ལུ་ ཁོ་རའི་ཡོན་ཏན་དང་འཁྲིལཝ་ད་ མ་འོངས་རྒྱལཔོ་མཛད་ནིའི་ལྕོགས་གྲུབ་དང་འོས་འབབ་ཡོད་ལུགས་དེ་ཡང་ ཚོང་རིག་ལེགས་སྦྱར་བ་ མའི་ཀེལ་ ཨེ་ལིང་ཊོན་གྱིས་ བཤད་མིའི་ནང་ ཁོ་གིས་ ལོ་ངོ་ ༣ གྱི་རིངས་ལུ་ རྒྱལ་སྲས་འཇིགས་མེད་ལུ་ དཔེ་ཆ་སྟོན་ནིའི་སྤྲོ་བ་བྱུང་ཡོདཔ་དང་ ཁོ་གིས་ རྒྱལ་སྲས་ལུ་སྟོན་གནང་མི་ལས་ལྷག་སྟེ་ ཧེང་བཀལ་ཁོ་ར་ལ་ ཡོན་ཏན་སྦོམ་སྦེ་ར་ཐོབ་ཅིག་ཟེར་བཤདཔ་ཨིན་མས།