འབྲུག་གི་རྩ་ཁྲིམས་ཆེན་མོ།
སྤྱི་ལོ་ ༢༠༠༡ ཟླཝ་ ༡༡ པའི་ཚེས་ ༣༠ ལུ་འབྲུག་རྩ་ཁྲིམས་ཆེན་མོ་གཞི་བཙུགས་གནང་པའི་སྐབས་ མི་དབང་འབྲུག་རྒྱལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ “ དུས་ཀྱི་འགྱུར་བ་དང་གཅིག་ཁར་འབྲུག་རྒྱལ་ཁབ་ཡང་ ཕྱི་ནང་གི་འཇིགས་སྐུལ་ཚུ་གདོང་ལེན་འབད་དེ་ འགྱོ་དགོཔ་མ་ཚད་ དགའ་སྐྱིད་དང་ཡུན་བརྟན་གྱི་གནས་སྟངས་དང་གཅིག་ཁར་གོང་འཕེལ་གཏང་དགོཔ་འདི་ཁག་ ཆེ” ཟེར་གསུངས་ཡི།
མི་དབང་འབྲུག་རྒྱལ་བཞི་པོ་ མཆོག་གིས་གནང་བའི་བློ་སྤོབས་དང་ལེགས་ལྡན་རྒྱབ་སྐྱོར་དེ་ལས་ ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་ཀྱི་རྩ་ཁྲིམས་ཆེན་མོའི་ཁྲི་འཛིན་ མཛད་པའི་ཐོག་ རྩ་ཁྲིམས་ཆེན་མོའི་ཚོགས་པ་གིས་ ཡིག་ཆས་ཁག་ཆེ་ཤོས་ཚུ་ལུ་བརྩོན་ཤུགས་བསྐྱེད་ཡོད། འབྲུག་རྩ་ཁྲིམས་ཆེན་འདི་ རྒྱལ་ཁབ་ ༥༠ གི་རྩ་ཁྲིམས་ཆེན་མོ་ཚུ་ལྷབ་སྟེ་ རིག་པ་ཁག་ལེ་ཤ་གཅིག་ཁར་བསྡུས་ཏེ་བཟོ་བཟོཝ་ཨིན།
རྩ་ཁྲིམས་ཆེན་མོའི་ཟིན་འབྲི་དང་པ་འདི་ མི་དབང་འབྲུག་རྒྱལ་བཞི་པ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ལུ་ སྤྱི་ལོ་ ༢༠༠༢ ཟླཝ་ ༡༢ པའི་ཚེས་ ༩ ལུ་ཕུལ་ཡོདཔ་ཨིན། རྩ་ཁྲིམས་ཆེན་མོ་དེ་ལུ་བརྟེན་ མི་དབང་མཆོག་གིས་ ལྷན་རྒྱས་གཞུང་ཚོགས་ལུ་ སྤྱི་ལོ་ ༢༠༠༥ ཟླཝ་ ༣ པའི་ཚེས་ ༢༡ ལུ་ “ རྩ་ཁྲིམས་ཆེན་མོ་ཆ་འཇོག་འབད་མི་འདི་གིས་ དམངས་གཙོའི་རིང་ལུགས་དང་སྲིད་ལྡན་རིམ་ལུགས་ལུ་ ཁྲིམས་ལྡན་རྟེན་གཞི་དང་དུས་ཨ་རྟག་རང་རྒྱལ་ཁབ་ཀྱི་རང་བཙན་དང་སྲུང་སྐྱོབས་ ཀྱི་གཞི་ཅིག་ཨིན” ཟེར་གསལ་བཀོད་གནང་ཡི།
སྤྱི་ལོ་ ༢༠༠༥ ཟླཝ་ ༣ པའི་ཚེས་ ༢༦ ལུ་ འབྲུག་གི་རྩ་ཁྲིམས་ཆེན་མོ་དང་དེའི་ཝེབ་ས་ཁོངས་གཞི་བཙུགས་འབད་ཡི། དེའི་ཤུལ་ལས་མི་སེར་ཚུ་བསམ་འཆར་ཉན་ཐོག་ལས་ རྩ་ཁྲིམས་ཆེན་མོ་སྟབས་བདེ་ཏོག་ཏོ་དང་འཇམ་ཏོང་ཏོ་བཟོ་སྟེ་ སྤྱི་ལོ་ ༢༠༠༥ ཟླཝ ༨ པའི་ཚེས་ ༡༨ ལུ་བཀྲམ་སྤེལ་འབད་ཡོདཔ་མ་ཚད་ མི་དབང་མཆོག་གིས་རྫོང་ཁག་ ༢༠ ཆ་མཉམ་གྱི་མི་སེར་དང་གཅིག་ཁར་རྩ་ཁྲིམས་ཆེན་མོའི་སྐོར་ལས་མི་སེར་ཚུའི་བསམ་ འཆར་དེ་ལས་སྟབས་བདེཝ་དང་མ་བདེཝ་ཚུ་གསུང་གྲོས་གནང་པར་བྱོན་ཡི།
རྩ་ཁྲིམས་ཆེན་མོ་འདི་ མི་དབང་འབྲུག་རྒྱལ་པོ་མཆོག་གིས་ཁོ་རའི་མི་སེར་ལུ་ཁྱོསམ་བཟུམ་ཅིག་དང་མི་སེར་ ཚུའི་དབང་ཆ་བཟུང་ནི་ རྒྱལ་ཁབ་དང་མི་སེར་ཚུའི་དགའ་སྐྱིད་ གོང་འཕེལ་ རྒྱལ་ཁབ་ཀྱི་རང་དབང་རང་བཙན་ཡུན་བརྟན་དང་དེ་ལས་ རྒྱལ་ཁབ་ཀྱི་རང་བཞིན་གནས་སྟངས་དང་སྔར་སྲོལ་ལམ་ལུགས་སྲུང་སྐྱོབས་དང་ཡར་ བསྐྱེད་ཀྱི་གཞི་རྟན་ཅིག་ འབྲུག་གི་རྩ་ཁྲིམས་ཆེན་མོ་འདི་ཨིན།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
