འབྲུག་རྒྱལ་ཁབ་ཀྱི་ཕྱི་འབྲེལ་མཐུན་ལམ་ཚུ།
དུས་རབས་བདུན་བཅུའི་བར་ཚུན་ འབྲུག་རྒྱལ་ཁབ་ཀྱི་ཕྱིའི་སྲིད་རྒྱུས་འདི་ བརྒྱ་ཆ་མང་ཤོས་རང་ རྒྱ་གར་དབུས་སུ་དང་རྒྱ་གར་ནང་འཁོད་ཨིནམ་ལས་ སྤྱི་ལོ་ ༡༩༧༢ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་མཛད་བཞིནམ་ལས་ ཕྱི་འབྲེལ་རྒྱ་གར་རྒྱལ་ཁབ་ཀྱི་མ་དོ་བར་ གཞན་རྒྱལ་ཁབ་ད་ཡང་འབྲེལ་བ་བཟོ་གནང་ཡི། དེ་སྐབས་གོང་འཕེལ་ལྷན་ཁག་གི་ཡན་ལག་གཅིག་ ཕྱི་འབྲེལ་ལྷན་ཁག་ཟེར་གསར་བཙུགས་མཛད་གནང་ཡི།
༡༩༧༡ ལུ་ འབྲུག་རྒྱལ་ཁབ་ཀྱི་སྐུ་ཚབ་ རྒྱ་གར་རྒྱལ་ཁབ་ནང་གཞི་བཙུགས་གནང་ཡི། ༡༩༧༨ སྤྱི་ཟླ་ ༨ སྤྱི་ཚེས་ ༨ ལུ་ རང་དབང་རྒྱལ་ཁབ་ཨིནམ་སྦེ་སྟོན་ཐབས་ལུ་ རྒྱ་གར་ལུ་ཡོད་པའི་ འབྲུག་སྐུ་ཚབ་ལས་ འབྲུག་རྒྱལ་གཞུང་ཚབ་ཟེར་བསྒྱུར་བཅོས་མཛད་གནང་ཡི། སྤྱི་ལོ་ ༡༩༨༠ ལུ་ འབྲུག་རྒྱལ་གཞུང་གི་སྐུ་ཚབ་ བང་ལ་དེཤ་གི་རྒྱལ་ས་ལྟེ་བ་ ཌ་ཀ་ རྒྱལ་སྤྱི་ ཚོགས་པའི་ཡིག་ཚང་ལྟེ་བ་ཚུ་ནང་ ནཱའུ་ཡོཀ་ འཛམ་གླི་སྤྱི་ཚོགས་པའི་ཡིག་ཚང་ཚུ་ནང་ ཇེ་ནི་བ་ ཀུ་ཝེཌཀ་གྲོང་སྡེ་ བེང་ཀོཀ་དང་དེ་ལས་ཌཱ་ཀ་ནང་ལུ་ འབྲུག་རྒྱལ་གཞུང་གི་སྐུ་ཚབ་གཞི་བཙུགས་མཛད་གནང་ཡོད་ས་ལས་ རྒྱ་གར་རྒྱལ་ཁབ་དང་བེང་ལ་དེཤ་རྒྱལ་ཁབ་གཉིས་རྐྱངམ་ཅིག་གི་གཞུང་ཚབ་ཐིམ་ཕུག་ ལུ་ཡོདཔ་ཨིན།
ལྷོ་ཨེ་ཤི་ཡ་རྒྱལ་ཁབ་ཚུ་ དང་མ་ཚད་པར་ ཤར་ཕྱོགས་དབུས་ཀྱི་རྒྱལ་ཁབ་ཚུ་དང་ཡུ་རོཔ་རྒྱལ་ཁབ་ཚུ་ནང་ཕྱི་འབྲེལ་སྲིད་ སྐྱོང་མཐུན་ལམ་གཞི་བཙུགས་གནང་ཡི། དཔེར་ན་ སྤྱི་ལོ་ ༡༩༨༣ ལུ་ ནེ་པཱལ་དང་ཀུ་ཝེཊི་རྒྱལ་ཁབ་ སྤྱི་ལོ་ ༡༩༨༤ ལུ་ མེལ་ཌིབསི་དང་ སྤྱ་ལོ་ ༡༩༨༥ ལུ་ ནོར་ཝེ་དང་ནེ་དར་ལེནཌིསི་ སྤྱི་ལོ་ ༡༩༨༦ ལུ་ ཇ་པཱན་དང་ཕིནལེནཌི་ སྤྱི་ལོ་ ༡༩༨༧ ལུ་ ལྷོ་ཀོ་རི་ཡ་དང་སི་རི་ལང་ཀ་ སྤྱི་ལོ་ ༡༩༨༩ ལུ་ ཨཱསི་ཊི་ཡ་ སྤྱི་ལོ་ ༡༩༩༠ ལུ་པ་ཀིསི་ཏཱན་ སྤྱི་ལོ་ ༡༩༩༡ ལུ་ ཐཱའི་ལེནཌི་ དང་དེ་ལས་ སྤྱི་ལོ་ ༡༩༩༢ ལུ་ བཱ་རེན་རྒྱལ་ཁབ་ཚུ་ལུ་ འབྲུག་གིས་ཕྱི་འབྲེལ་སྲིད་སྐྱོང་མཐུན་ལམ་གཞི་བཙུགས་གནངམ་མ་ཚད་ སྤྱི་ལོ་ ༡༩༨༢ ལུ་ ཧོང་ཀོང་དང་ སིང་ག་པོར་ དེ་ལས་ སྤྱི་ལོ་ ༡༩༨༥ མོསི་ཀོ་ལུ་ དོན་གཅོད་འབྲེལ་བ་ཚུ་ཡང་གཞི་བཙུགས་གནང་ཡི།
སྤྱི་ལོ་ ༢༠༠༢ སྤྱི་ཟླ་༩ པའི་སྤྱི་ཚེས་ ༡༤ ལུ་ འབྲུག་རྒྱལ་ཁབ་ཀྱི་ ཨཱསི་ཊ་ལི་ཡ་དང་ སྤྱི་ལོ་ ༢༠༠༢ སྤྱི་ཟླ་ ༩ པའི་སྤྱི་ཚེས་ ༢༠ ལུ་ སིང་ག་པོར་གཉིས་དང་གཅིག་ཁར་ལུགས་མཐུན་འབྲེལ་བ་གཞི་བཙུགས་གནང་ཡི་དེ་ལས་ སྤྱི་ལོ་ ༢༠༠༣ སྤྱི་ཟླ་ ༦ སྤྱི་ཚེས་ ༢༥ ལུ་ འབྲུག་རྒྱལ་ཁབ་དང་ཀེ་ན་ཌ་གཉིས་ཕྱི་འབྲེལ་སྲིད་སྐྱོང་མཐུན་ལམ་གཞི་བཙུགས་གནང་ ཡི། མི་གཞི་ ཡུ་ནེ་ཡི་ཊེཊི་ སི་ཊེཊིསི་དང་གཅིག་ཁར་འབྲུག་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་སྐྱོང་མཐུན་ལམ་མེད་ དེ་འབད་རུང་རྒྱལ་གཞུང་གཉིས་ལུགས་ཡངས་དང་མཛའ་མཐུན་གྱི་འབྲེལ་བ་ཚུ་ཡོདཔ་ཨིན།
འབྲུག་རྒྱལ་ཁབ་ ཨེ་ཤི་ཡ་དང་པེ་སི་ཕིག་གི་དོན་ལུ་ དཔལ་འབྱོར་དང་སྤྱི་སྡེ་ཚོགས་པ་(ESCAP) གི་འཐུས་མི་དང་ སྤྱི་ལོ་ ༡༩༧༢ དང་ འཛམ་གླིང་ཕྱོགས་རིས་སྤངས་པའི་ཚོགས་པའི་(NAM)འཐུས་མི་སྦེ་ སྤྱི་ལོ་ ༡༩༧༣ ལུ་འཛུལ་སྤྱོད་གནང་ཡི། སྤྱི་ལོ་ ༡༩༧༩ ལུ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་(UNDP)ཡུ་ཨེན་ངོ་ཚབ་ཡིག་ཚང་གཅིག་ཡང་ སྒོ་ཕྱེ་གནང་ཡི། སྤྱི་ལོ་ ༡༩༨༡ ལུ་ དེ་ སོ་ནམ་གོང་འཕེལ་འཛམ་གླིང་མང་དངུལ་(IFAD) འཛམ་གླིང་མང་དངུལ་(IMF)ཉམས་གསོ་དང་གོང་འཕེལ་གྱི་འཛམ་གླིང་དངུལ་ཁང་(IBRD) དང་དེ་ལས་ བཟའ་ཆས་དང་སོ་ནམ་ལས་སྡེ་(FAO)ཚུའི་འཐུས་མི་དང་ སྤྱི་ལོ་ ༡༩༨༢ ལུ་ འཛམ་གླིང་གསོ་བའི་ལས་ཚོགས(WHO) ཚན་རིག་དང་ལམ་སྲོལ་གྱི་དོན་ལུ་རྒྱལ་སྤྱིའི་ཤེས་རིག་དང་ཚན་རིག་ལམ་སྲོལ་ལས་ སྡེ(UNESCO)དང་དེ་ལས་ ཨེ་ཤི་ཡན་གོང་འཕེལ་དངུལ་ཁང་(ADB)ཚུའ་འཐུས་མི་དང་ སྤྱི་ལོ་ ༡༩༨༣ ལུ་ འཛམ་གླིང་ཚོང་གྲྭ་གོང་འཕེལ་ལས་སྡེ་(UNIDO)གི་འཐུས་མི་དང་ སྤྱི་ལོ་ ༡༩༨༨ ལུ་ འཛམ་གླིང་རྒྱང་འཕྲིན་གཅིག་མཐུན་(ITU)གི་འཐུས་མི་དང་ སྤྱི་ལོ་ ༡༩༨༩ ལུ་ འཛམ་གླིང་མཁའ་གྲའི་བཟོ་བསྐྲུན་ལས་སྡེའི་(ICAO)འཐུས་མི་དང་ སྤྱི་ལོ་ ༡༩༩༢ ལུ་ འཛམ་གླིང་སྤྱི་སྡེ་དཔལ་འབྱོར་ཚོགས་པའི་(ECOSOC)འཐུས་མི་སྦེ་འཛུལ་ཡི། ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་འཐུས་མི་དང་གཅིག་ཁར་ སྤྱི་ལོ་ ༢༠༠༤ ལྷོ་ཨེ་ཤི་ཡ་བཀག་ཆ་མེད་པའི་ཚོང་འབྲེལ་(SAFTA)གི་འཐིས་མི་སྦེ་ཡང་མཛད་གནང་ཡི་ ལོ་དེའི་ནང་རང་ འབྲུག་རྒྱལ་ཁབ་ བང་ལ་དེཤི་ ཨིན་ཌི་ཡ་ མི་ཡཱན་མར་ སིང་ག་པོར་དང་ཐཱའི་ལེནཌི་གི་དཔལ་འབྱོར་མཉམ་འབྲེལ་འཛོམས་གནས་(BIMSTEC)གི་ གྲངས་སུ་འཛུལ་ཡི་དེ་ལས་ སྤྱི་ལོ་ ༢༠༠༣ ལུ་འབྲུག་རྒྱལ་ཁབ་ འཛམ་གླིང་སྤྱའི་འགྲོ་བ་མིའི་དབང་ཆ་ལྷན་ཚོགས་པ་གི་བཙག་འཐུ་འབདཝ་ལས་ སྤྱི་ལོ་ ༢༠༠༦ ཚུན་ཕྱག་ཞུ་གནང་ཡི།
ཨཱསི་ཊི་ཡན་འབྲེལ་མཐུན་ལས་ ཁང་ ཀེ་ན་ཌ་ཡན་ཡིག་ཚང་ ཌེནིཤི་རྒྱལ་སྤྱིའི་གོང་འཕེལ་ལས་སྡེ་(DANIDA) ཚན་རིག་མཉམ་འབྲེལ་གྱི་དོན་ལུ་ ཇར་མཱན་ལས་སྡེ་(GTZ) རྒྱལ་སྤྱི་མཐུན་འབྲེལ་གྱི་དོན་ལུ་ སུའིསི་ཚོགས་པ་(HELVETAS) ནེ་དར་ལེནཌིསི་གོང་འཕེལ་ལས་ཚོགས་(SNV) འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་རིམ་(UNDP) བཟའ་ཆས་དང་སོ་ནམ་ལས་སྡེ་(FAO) འཛམ་གླིང་བཟའ་ཆས་ལས་རིམ་(WFP) དང་དེ་ལས་ འཛམ་གླིང་གསོ་བའི་ལས་སྡེ་(WHO) ཚུའི་ངོ་ཚབ་ འབྲུག་ཐིམ་ཕུག་ལུ་བདག་འཛིན་འབད་ཡོདཔ་ ཨིན།
དུས་ཀྱི་འགྱུར་བ་དང་བསྟུན་ འབྲུག་རྒྱལ་ཁབ་འཛམ་གླིང་སྤྱིའི་ལས་སྡེ་ཚུའི་འཐུས་མི་ ༡༥༠ ཡོད་ས་ལས་གཅིག་ཨིན་མི་དེའི་ འབྲུག་རྒྱལ་ཁབ་འདི་རང་རྐྱང་སྡོད་པའི་རྒྱལ་ཁབ་མེནམ་སྦེ་བཟོ་བའི་གུར་ འབྲུག་རྒྱལ་བཞི་པོའི་བྱམས་སྙིང་ཐབས་རིག་སྒོ་ལས་སྐྱོང་པས་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་འགྱོཝ་མ་ཚད་ སྔར་སྲོལ་ལམས་ལུགས་གཞན་དང་མ་འདྲཝ་ཡོད་མི་ཚུ་ཡང་ལེགས་སྐྱོང་གི་ཐོག་ལས་བདག་ འཛན་འབད་བཞིན་ཡོད་པའི་ཁར་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་རྣམ་གཞག་སེམས་ཁར་ངེས་དེ་ནུབ་ལུགས་དང་ དུས་མཐུན་གོང་འཕེལ་གཉིས་ཡང་ལེགས་ཤོམ་སྦེ་ཤེས་ཡོདཔ་ཨིན།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
