ཁྲི་མངའ་གསོལ།
ཡབ་རྒྱལ་མཆོག་གཤགས་པའི་ཤུལ་ལས་ མི་དབང་རྒྱལ་སྲས་ དགུང་ལོ་ ༡༧ ལས་མ་ལངས་དེ་སྦེ་རུང་ གཞུང་སྐྱོང་འགན་འཛིན་བཞེས་དགོཔ་བྱུང་མི་འདི་ འཛམ་གླིང་རྒྱལ་ཁབ་གཞན་ནང་རྒྱལ་རྒྱུད་ཆུང་ཀུ་འགོ་དང་པ་ཨིན།
ཁྲི་མངའ་གསོལ།
འབྲུག་རྒྱལ་པོ་ འཇིགས་མེད་སེང་གེ་དབང་ཕྱུག་མཆོག་གིས་ སྤྱི་ལོ་ ༡༩༧༢ ཟླཝ་ ༧ པའི་ཚེས་ ༢༦ ལུ་ འབྲུག་མི་སེར་ཚུ་ལུ་ རྒྱལ་ཁབ་འདི་ སྒྲིང་སྒྲིང་དང་རང་བཙན་ དེ་ལས་ གོང་འཕེལ་འགྱོ་དགོ་པ་ཅིན་ འབྲུག་མི་ག་ར་ སེམས་གཅིག་ཁར་མཐུན་ རྒྱལ་ཁབ་ལུ་ཤ་ཚ་སྟེ་ལཱ་འབད་ནི་འདི་ག་ནི་བ་གལ་ཆེཝ་ཅིག་ཨིན་ཟེར་གསུངས་ཡི།
འབྲུག་རྒྱལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ སྤྱི་ལོ་ ༡༩༧༤ ཟླཝ་ ༦ པའི་ཚེས་ ༢ ལུ་ ཁྲི་མངའ་གསོལ་ཡི། དུས་སྟོན་བརྩི་སྲུང་ཞུ་བའི་སྐབས་ འཛམ་གླིང་རྒྱལ་ཁབ་ཚུ་ལས་ གོ་གནས་ཅན་ཡང་ལེ་ཤ་ཅིག་རང་བྱོན་ཡི། མི་དབང་མཆོག་གིས་ ཁྲི་མངའ་གསོལ་ཞུ་བའི་སྐབས་ འབྲུག་མི་སེར་ཚུ་ལུ་ རྒྱལ་ཁབ་ཀྱི་ཕྱག་ གང་དྲག་ཞུ་ནིའི་ཁས་བླང་ཞུ་ཡི།
ཡབ་རྒྱལ་མཆོག་ མ་གཤགས་པའི་ལོ་གཅིག་གིས་ཧེ་མ་ འབྲུག་མི་སེར་ཚུ་ལུ་གསུངས་མི་ནང་ “ ངའི་བུ་ གསེར་ཁྲི་གུར་ཞུགས་པའི་དུས་ལས་ཚུར་ ཁྱེད་མི་སེར་ཚུ་ དགའ་སྐྱིད་དང་ལྡནམ་ རྒྱལ་ཁབ་སྒྲིང་སྒྲིང་དང་གོང་འཕེལ་སྦོམ་སྦེ་རང་འགྱོ་བཅུག་ཟེར་བའི་སྨོན་ལམ་ འདི་ ང་ལས་ ཁྱེད་མི་སེར་ཚུ་ལུ་ཡོད” ཟེར་གསུངས་མི་དང་དབྱེ་བ་མེད་པར་ འབྲུག་རྒྱལ་འཇིགས་མེད་སེང་གེ་དབང་ཕྱུག་མཆོག་ འབྲུག་རྒྱལ་བཞི་པའི་ཁྲི་མངའ་གསོལ་ཞུ་བའི་དུས་ལས་རང་ ཡབ་རྒྱལ་གྱི་ཐུགས་སྨོན་ལྟར་ རྒྱལ་ཁབ་གོང་འཕེལ་འགྱོ་ཡོདཔ་དང་འགྱོ་བཞིན་ཡོདཔ་མ་ཚད་ འབྲུག་མི་སེར་ཚུ་ཡང་དགའ་སྐྱིད་དང་ལྡནམ་སྦེ་བྱུང་ཡོདཔ་ཨིན།
འབྲུག་རྒྱལ་པོ་མཆོག་གིས་ རྒྱལ་ཁབ་ཀྱི་སྔར་སྲོལ་ལམ་ལུགས་དང་རང་བཞིན་གནས་སྟངས་ཚུ་བདག་འཛིན་དང་ཡར་རྒྱས་ གཏང་ནི་ལུ་བརྩོན་ཏེ་ མི་སེར་ཚུ་ལུ་ཡང་ རང་སྲོལ་ལམ་ལུགས་ རང་བཞིན་གནས་སྟངས་ཚུ་བདག་འཛིན་དང་ཡར་རྒྱས་བཏང་ནི་འདི་ཁག་ཆེ་བའི་སེམས་ཤུགས་ བསྐྱེད་བཙུགས་ཡི།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
