སྐད་ཡིག་ཚུ༌

ཟ་བྲན་ཚུ་ལུ་མི་རིགས་འདྲ་མཉམ་གྱི་དབང་ཆ་གནང་ཡོདཔ།

མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་གིས་རྒྱལ་ སྲིད་ཕྱག་བཞེས་གནང་བ་ལས་འོག་བཟུང་སྟེ་དང་པོའི་ལུགས་སྲོལ་ལུ་མི་རིགས་འདྲ་ མཉམ་གྱི་ཐོབ་ཐང་མེད་པར་ ཁྱིམ་གཅིག་ནང་ཟ་བྲན་གྱི་རིགས་ཚུ་གཅིག་ཁར་སྡོད་ནི་དང་གཅིག་ཁར་ཟ་ནི་འདི་ཕར་ བཞག་ ཐ་ན་སྦྱིན་བདག་གི་གདོང་ལུ་ཡང་ཐད་ཀར་བལྟ་མི་ཆོག་པར་ཚེ་གཡོག་སྦེ་ལཱ་བཀོལ་ཏེ་ བཞག་པའི་སྲོལ་ངན་དར་ཡོད་མི་དེ་ འཛམ་གླིང་མི་སེར་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལུ་མི་རིགས་འདྲ་མཉམ་གྱི་དབང་ཆ་ཡོད་ བཞིན་ མི་དབང་མཆོག་གིས་ རྒྱལ་ཁབ་འདི་ནང་ཡོད་པའི་ཚེ་གཡོག་ཟ་བྲན་སྟོང་ཕྲག་ལས་ལྷགཔ་ཡོད་མི་ཚུ་གཞན་དབང་ ཚེ་གཡོག་ལས་འཁྱོལ་བཏང་སྟེ་ མི་སེར་གཞན་དང་དབྱེ་བ་གང་ནི་ཡང་མེད་པར་ཚོང་དང་སོ་ནམ་ལ་སོགས་པ་ཚུ་སྤྱོད་ཆོག་ པའི་ཁེ་དབང་གནང་ཡི།

The Freedom of serfsཟ་བྲན་ཚུ་ལུ་མི་རིགས་འདྲ་མཉམ་གྱི་དབང་ཆ།

དང་ཕུགས་མི་སེར་ཚུ་ལས་གཞུང་ལུ་ཁྲལ་འབུལ་དགོ་ པའི་རིགས་ རེད་ མར་ ཟོང་ ཐོག་ རྒྱབ་ ས་ཚིག་ དོས་བསྐྱལ་ རྟ་འུར་ལ་སོགས་པའི་ཁྲལ་རིགས་སོགས་ཡོད་ནི་འདི་གིས་ མི་སེར་ཚུ་ས་གནས་གཅིག་ལས་གཅིག་ལུ་བྱོག་འགྱོ་བ་ལུ་བརྟེན་ས་གཞི་སྟོངམ་ལེ་ཤ་ ལུད་ཡོད་མི་ཚུ་ ཟ་བྲན་ཚུ་ལུ་སྐྱིད་སྡུག་གནང་ ཁྲལ་གྱི་རིམ་ལུགས་ཚུ་ཡང་ལེགས་བསྒྱུར་གནང་དེ་ལས་བཏབ་དགོ་པའི་ཁྲལ་ཚུ་བསྡུ་ཏེ་ མི་མང་འཚོ་བའི་དཔལ་འབྱོར་ཡར་རྒྱས་ནང་བཙུགས་གནང་མི་འདི་གིས་རྒྱལ་ཁབ་ནང་གི་ མི་སེར་ཚུ་འཚོ་བའི་དཀའ་ངལ་ལས་གྲེལ་ཏེ་བདེ་སྐྱིད་ལུ་སྤྱོད་ཆོག་པའི་སྤྱི་ སྙོམས་ཀུན་ཕན་བྱུང་ཡི།