འབྲུག་རྒྱལ་གསུམ་པའི་གོམས་འདྲིས་མཛད་ལུགས།
འབྲུག་རྒྱལ་གསུམ་པ་ འཇིགས་རྡོ་རྗེ་དབང་ཕྱུག་མཆོག་ སྤྱི་ལོ་ ༡༩༢༨ ཟླཝ ༥ པའི་ཚེས་ ༢་ལུ་ ཀྲོང་གསར་ཁྲུས་སྤང་ཕོ་བྲང་ལུ་ འབྲུག་རྒྱལ་གཉིས་པ་ འཇིགས་མེད་དབང་ཕྱུག་མཆོག་དང་རྒྱལ་བཙུན་ཨ་ཞེ་ ཕུན་ཚོགས་ཆོས་སྒྲོན་གཉིས་ཀྱི་སྲས་སུ་སྐུ་ཁྲུངས་ནུག རྒྱལ་སྲས་འདི་ སྐུ་ན་ཆུང་སྐུ་བསྒང་ལས་རང་ བུམ་ཐང་ དབང་འདུས་ཆོས་གླིང་ལུ་ཡོད་པའི་ ཁྲིམས་སྦྱོང་སློབ་གྲྭ་ནང་ ཤེས་ཡོན་སྦྱོང་ནིའི་ སློབ་གྲྭ་པ་ སེལ་འཐུ་འབད་མི་གཞན་ཚུ་དང་གཅིག་ཁར་ཕྱག་དཔེ་གཟིགས་ནུག སྤྱི་ལོ་ ༡༩༣༥ གི་ལོར་ རྒྱལ་སྲས་མཆོག་ དགུང་ལོ་ ༨་བཞེས་སྐབས་ ཡབ་རྒྱལ་དང་གཅིག་ཁར་ཕྱག་ཞུ་སྟེ་ ཀལ་ཀ་ཊ་ལུ་བྱོན་ནུག།
འབྲུག་རྒྱལ་གསུམ་པ།
རྒྱལ་སྲས་མཆོག་ དགུལ་ལོ་ཆུང་སྐུ་སྒང་ལས་ རྒྱལ་ཁབ་ཀྱི་ཁྲིམས་དང་ བདག་སྐྱོང་གི་རིག་པ་ཚུ་ མཐར་ཕྱིན་མཛད་གནང་ནུག སྤྱི་ལོ་ ༡༩༤༥ གི་ལོར་ རྒྱུད་འཛིན་རྒྱལ་སྲས་ ཀྲོང་གསར་མགྲོན་གཉེར་སྦེ་བཀལ་གནང་ཏེ་ སྤྱི་ལོ་ ༡༩༥༠ ལུ་ ཕྱི་རྒྱལ་ ཡུ་ནའི་ཊེཊ་ཀིང་ཌོམ་ལུ་བྱོན་ཏེ་ ཕྱག་དཔེ་མཛད་ནུག ཡུ་ནའི་ཊེཊ་ཀིང་ཌོམ་ལུ་ ཟླཝ་དྲུག་ཞུགས་ཏེ་ རྒྱལ་ཁབ་ནང་ལོག་བྱོན་པའི་ཤུལ་ལས་ སྤ་རོ་དཔོན་སློབ་སྦེ་བཀལ་གནང་ནུག སྤྱི་ལོ་ ༡༩༥༡ ལུ་ མི་དབང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ སྤ་རོ་དཔོན་སློབ་སྦེ་ ཕྱག་ཞུ་སྐབས་ ཨ་ཞེ་བསྐལ་བཟང་ཆོས་སྒྲོན་(གོང་གཟིམ་གྱི་བུ་མོ) བཙུནམ་སྦེ་བཞེས་ནུག།
འབྲུག་རྒྱལ་གཉིས་པ་ འཇིགས་མེད་དབང་ཕྱུག་མཆོག་ གཤགས་པའི་ཤུལ་ལས་ སྤྱི་ལོ་ ༡༩༥༢ གི་ལོར་ རྒྱུད་འཛིན་རྒྱལ་སྲས་ འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་ འབྲུག་རྒྱལ་གསུམ་པའི་ཁྲི་མངའ་གསོལ་ནུག།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
