སྤྱི་ལོ་ ༡༩༤༩ གི་ རྒྱ་འབྲུག་མཐུན་འབྲེལ་ཆིངས་ཡིག།
སྤྱི་ལོ་ ༡༧༧༢ གི་ ཀུཆ་བི་ཧར་གི་དམག་ཟིང་སྐབས་ལས་རང་ བྲི་ཊིཤ་ཨིན་ཌི་ཡ་དང་ འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ མཐུན་འབྲེལ་ལེགས་ཤོམ་ཡོདཔ་ལས་ སྤྱི་ལོ་ ༡༩༤༥ ལོར་ འཛམ་གླིང་དམག་ཆེན་གཉིས་པམ་འདི་ མཇུག་བསྡུཝ་ད་ གཞན་དབང་ཡོད་པའི་རྒྱལ་ཁབ་མང་ཤོས་ཅིག་ རང་དབང་ཐོབ་ཡོད་དེ་ སྤྱི་ལོ་ ༡༩༤༧ གི་ལོར་ རྒྱ་གར་རྒྱལ་ཁབ་ཡང་ བྲི་ཊིཤ་གི་མངའ་འོག་ལས་ རང་དབང་ཐོབ་པའི་ཤུལ་ལས་ སྤྱི་ལོ་ ༡༩༤༨ ལུ་ འབྲུག་རྒྱལ་པོ་འཇིགས་མེད་དབང་ཕྱུག་མཆོག་གིས་ ཧེ་མ་ བྲི་ཊིཤ་ཨིན་ཌི་ཡ་དང་ཡོད་པའི་མཐུན་འབྲེལ་གྱི་སྐོར་ལས་ རྒྱ་གར་ རང་དབང་རྒྱལ་ཁབ་དང་གྲོས་བསྟུན་འབད་བར་ རྒྱལ་ཁབ་ཀྱི་འཐུས་མི་ སྡེ་ཚན་གཅིག་ རྒྱ་གར་རྒྱལ་ཁབ་ལུ་གཏང་ནུག།
རྒྱ་འབྲུག་མཐུན་འབྲེལ་ཆིངས་ཡིག།
སྤྱི་ལོ་ ༡༩༤༨ གི་ གྲོས་བསྟུན་གྲུབ་འབྲས་འདི་ ལེགས་ཤོམ་བྱུང་ཡོད་མི་ལུ་བརྟེན་ གནམ་ལོ་ ༡༩༤༩ ཟླཝ་ ༨ པའི་ཚེས་ ༨ ལུ་ རྒྱ་གཞུང་གི་ངོ་ཚབ་འཐུས་མི་ ཤྲི་ཧ་རིཤ་ཝར་ད་ཡལ་(སྲིད་དོན་འགོ་དཔོན་)དང་ འབྲུག་གཞུང་གི་ངོ་ཚབ་འཐུས་མི་ གོང་གཟིམ་བསོད་ནམས་སྟོབས་རྒྱས་དང་ དབྱངས་པའི་སློབ་དཔོན་ བསོད་ནམས་དེ་ལས་ ཧཱ་དྲུང་འཇིགས་མེད་དཔལ་ལྡན་རྡོ་རྗེ་གིས་སྦེ་ རྒྱ་འབྲུག་ཆིངས་ཡིག་འདི་ དར་ཇི་ལིང་ལུ་སྦེ་མཚན་རྟགས་བཀོད་ནུག།
སྤྱི་ལོ་ ༡༩༤༩ གི་ ཆིངས་ཡིག་འདི་ སྤྱི་ལོ་ ༡༩༡༠ ཆིངས་ཡིག་ སྦེ་ཚབ་བཙུགས་ཏེ་ ཆིངས་ཡིག་འདི་ལུ་ རྩ་ཚན་བཅུ་ཐམ་བཟོ་གནང་ནུག ཆིངས་ཡིག་དེའི་དམིགས་ཡུལ་གཙོ་བོ་ རྒྱ་འབྲུག་མཐུན་འབྲེལ་ཡར་དྲག་གཏང་ནི། རྒྱ་ཁབ་གཉིས་ཀྱི་བར་ན་ཞི་བདེ་སྲུང་ནི། བཀག་ཆ་མེད་པའི་ཚོང་འབྲེལ་ཡར་དྲག་གཏང་ནི། རྒྱ་གར་ལས་ དམག་ཆས་ནང་འདྲེན་འབད་ནི་དང་ ཕྱིར་འདྲེན་འབད་ནི་མེདཔ་དང་དེ་ལས་ རྒྱལ་ཁབ་ནང་འཁོད་ཀྱི་གནད་དོན་ཚུ་ནང་ བར་དཀྲོགས་བརྐྱབ་ནི་མེདཔ་ཚུ་བཀོད་ནུག།
རྩ་ཚན་གསུམ་པ་ནང་ ཌུ་ཝརསི་གི་དོན་ལུ་ རྒུད་འཐུས་ ལོ་ལྟར་དངུལ་སྤྲོད་ འབུབ་གཅིག་ལས་ འབུམ་ལྔ་ལུ་ ཡར་སེང་ནི་དང་ རྩ་ཚན་བཞི་པའི་ནང་ རྒྱ་གཞུང་གིས་ འབྲུག་གཞུང་ལུ་ མི་ལི་གྲུ་བཞི་ ༣༢ སྦེ་མི་ ས་ཁོངས་ དི་ཝན་གི་རི་ ད་ལྟོ་ བདེ་བ་ཐང་ཟེར་མི་འདི་ ལོག་བྱིན་ནི་སྦེ་ བཀོད་ཡོདཔ་མ་ཚད་ རྒྱལ་ཁབ་གཅིག་གིས་གཅིག་ལུ་ རོགས་རམ་དང་ དཀའ་ངལ་དེ་ལས་ མ་བཏུབ་ཚུ་ག་ཅི་རང་འབྱུང་རུང་ ཞི་བདེའི་ཐོག་ སེལ་ནི་ཚུ་བཀོད་ཡོདཔ་ཨིན་མས།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
