སྐད་ཡིག་ཚུ༌

ལེགས་བསྒྱུར་འབད་ཡོད་པའི་ ཁྲལ།

གསར་བྱུང་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཚུའི་སྐོར་ལས་ མི་དབང་མཆོག་གིས་གཟིགས་ཏེ་ ལེགས་བསྒྱུར་མཛད་པའི་སྐབས་ མི་དབང་མཆོག་གིས་ ཁྲལ་འདི་རྒྱལ་ཁབ་དང་མི་སེར་ཚུ་ལུ་ཁེ་ཕན་སྦོམ་ཡོདཔ་སྦེ་གཟིགས་ནུག།

གཡུས་ཚན་ལ་ལོ་ཅིག་གི་མི་ སེར་ཚུ་ ཁྲལ་བཏབ་མ་ཚུགས་པར་ གཞི་སྤོ་འགྱོ་ཡོད་མི་ལུ་བརྟེན་ ས་གཞི་སྤྱོད་མི་མེད་པར་ སྟོངམ་ལུད་ཡོདཔ་དང་ དེ་ལས་ མི་སེར་ལ་ལོ་ཅིག་ལུ་ ས་གཞི་མེད་པར་གཞན་གྱི་གཡོག་བརྐྱབ་སྡོད་མི་ཟུར་པ་ཚུ་ཡང་ལེ་ཤ་བྱུང་ནུག མི་སེར་ཚུ་ལས་ཁྲལ་ གྱོན་ཁྲལ་ ཟེར་གོ་ལ་གི་ཁྲ་ ཤིང་ཁྲལ་ མར་ཁྲལ་ཟེར་ ཁྲལ་མ་འདྲཝ་ ལེ་ཤ་བཏབ་དགོཔ་བྱུང་སྡོད་ ནུག།

དེ་ལས་ ཁྲལ་ཚུ་ མི་སེལ་ལས་བསྡུ་སྟེ་ མི་སེར་གྱི་ཕན་བདེ་ལུ་མ་བཞག་པར་ རྫོང་དཔོན་ཚུ་དང་དཔོན་སློབ་ཚུ་གིས་ དབང་འཛིན་སྦེ་ཡོད་མི་ལུ་བརྟེན་ མི་སེར་གི་འཚོ་བའི་གནས་ཚད་ལུ་ གནོད་ཡོདཔ་ མི་དབང་མཆོག་གི་གཟིགས་ཏེ་ ས་གཞི་སྟོངམ་ཚུ་ ས་གཞི་མེད་པར་གཡོག་བརྐྱབ་སྡོད་མི་ཟུར་པ་ཚུ་ལུ་གནང་ དེ་ལས་ མི་སེལ་ལུ ་ཕན་བདེ་མེད་མི་ཁྲལ་མང་ཤོས་ཅིག་བཏབ་ནི་མེདཔ་བཟོ་སྟེ་ བཏབ་དགོ་པའི་ཁྲལ་ཚུ་ལེགས་བསྒྱུར་དང་ ཁྲལ་ཚུ་ མི་དབང་མཆོག་ཁ་རང་གིས་ གཟིགས་ཏེ་མི་སེར་གྱི་ཕན་བདེ་དོན་ལུ་བསྡུ་གསོག་འབད་གནང་ནུག ལུང་ཕྱོགས་དང་ལུང་པ་རེ་ནང་ ཁྲལ་གྱི་རིམ་ལུགས་ མ་འདྲཝ་སྦེ་ཡོད་མི་ཚུ་ཡང་ ལེགས་བསྒྱུར་འབད་དེ་ རྒྱལ་ཁབ་ནང་ལུ་ ཁྲལ་གྱི་རིམ་ལུགས་འདི་ གཅིག་མཚུངས་སྦེ་བཟོ་གནང་ནུག།