བདག་སྐྱོང་འབྲེལ་རྟེན་རིམ་ལུགས་ལེགས་བསྒྱུར།
འབྲུག་རྒྱལ་གཉིས་པ་ སྤྱི་ལོ་ ༡༩༢༧ ཟླཝ ༣ པའི་ཚེས་ ༡༤ ལུ་ཁྲི་མངའ་གསོལ་བའི་ལོ་དེའི་སྐབས་ཡང་ སྤྱི་ལོ་ ༡༦༡༦ སྐབས་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གིས་ གཞི་བཙུགས་གནང་ཡོད་པའི་ ཟུང་ལྡན་རིམ་ལུགས་ཀྱི་བདག་སྐྱོང་གཞི་བཀོད་ལུ་ འགྱུར་བ་མེད་པ་རང་ཡོདཔ་ཨིན་པའི་ཁར་ ལུང་ཕྱོགས་དང་ལུང་པ་རེ་ལུ་ བདག་སྐྱོང་རེ་ཡོདཔ་ལས་མི་དབང་མཆོག་གིས་ རྒྱལ་ཁབ་དང་མི་སེར་གྱི་ཕན་ཐབས་ལུ་གཟིགས་ཏེ་ ལུང་ཕྱོགས་དང་ལུང་པ་བཞིན་མེན་པར་ རྒྱལ་ཁབ་གཅིག་ནང་ བདག་སྐྱོང་གཅིག་མཐུན་བཟོ་ནིའི་ཐུགས་ཞེས་ཡབ་རྒྱལ་ལུ་ཡོད་རུང་ དེའི་སྐབས་ འབྲུག་རྒྱལ་ཁབ་འདི་ གསར་བྱུང་ཡོདཔ་ལས་ གསར་བྱུང་རྒྱལ་ཁབ་འདི་ རྩ་བཏན་དང་སྒྲིང་སྒྲིང་བཟོ་ནིའི་ཕྱག་ལཱ་ལས་མ་ཁོམ་པར་བཞུགས་པས་ ཐུགས་དོན་བསྒྲུབ་མ་ཚུགས་པས། ཨིན་དེ་རང་འབད་རུང་ འབྲུག་རྒྱལ་པོ་ འཇིགས་མེད་དབང་ཕྱུག་མཆོག་འབྲུག་རྒྱལ་གཉིས་པའི་ཁྲི་མངའ་གསོལ་ཏེ་ མི་དབང་ཞིང་གཤགས་ཨྱོན་དབང་ཕྱུག་མཆོག་གི་ཐུགས་ཀྱི་གོང་ཞེས་བསྒྲུབ་ནི་ལུ་ བརྩོན་ནུག
འབྲུག་རྒྱལ་གཉིས་པ་གིས་ རྒྱལ་ཁབ་ནང་གི་དབང་ཚད་ འགན་ལེན་ཏེ་ རྒྱལ་གཞུང་གི་གོ་གནས་ཁག་ཆེ་ཏོག་ཏོ་ཚུ་ མི་དབང་མཆོག་ཁོ་རང་གིས་བཀལ་གནངམ་མ་ཚད་ དགོཔ་མེད་པའི་གོ་གནས་ཚུ་ཆ་མེད་བཏང་སྟེ་ ཁབ་ཀྱི་དོན་ལུ་ ག་ཅི་འབད་ས་ཅིག་རུང་ མི་དབང་མཆོག་གི་བཀའ་དང་འཁྲིལ་ཏེ་འབད་དགོཔ་དང་བརྩམ་དགོཔ་སྦེ་ བཟོ་གནང་ནུག
རྒྱལ་ཁབ་བདག་སྐྱོང་ཕྱག་ལཱ་ ལུ་ མི་དབང་མཆོག་ལུ་ལས་རོགས་འབད་མི་ ནང་གྱི་ལྷན་རྒྱས་ གཞུང་ བཀའ་བློན་ གཞུང་མགྲོན་གཉེར་ གཞུང་གཟིམ་དཔོན་དང་དེ་ལས་ ཐིམ་ཕུག་རྫོང་དཔོན་/སྤུ་ན་ཁ་རྫོང་དཔོན་བཅས་བཞི་ཡོདཔ་ཨིན། ལྷན་རྒྱས་གཞུང་ཚོགས་འདི་ གནམ་བྱཱའི་སྐབས་ཐིམ་ཕུག་དང་ དགུན་གི་ཚེ་ སྤུ་ན་ཁ་ལུ་སྤོ་བཤུད་འབདཝ་ཨིན་ དེ་ལས་ གོང་གཟིམ་འདི་མང་ཤོས་ཅིག་རང་ རྒྱལ་ཁབ་ཀྱི་སྲིད་དོན་ལས་ཚབ་སྦེ་ ཀ་ལིང་པོང་ལུ་ བྲི་ཊིཤ་གཞུང་གི་སྲིད་དོན་ལས་ཚབ་ཚུ་དང་ཕྱག་ལཱ་མཛད་བཞུགསཔ་ཨིན་མས།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
