སྐད་ཡིག་ཚུ༌

ལས་རྟགས་ཀྱི་བརྡ་མཚོན།

Centenary Logoལོ་བརྒྱའི་ལས་རྟགས།
༡. བྱ་རོག་དབུ་ཞྭ་༼རྟེན་འབྲེལ་གྱི་དབུ་ཞྭ་༽ འདི་ རྒྱལ་བརྒྱུད་ཀྱི་རིངས་ལུགས་ཀྱི་ བརྡ་མཚོན་ཨིན།
༢. ཚོས་གཞི་སེརཔ་དང་ལི་ཝང་འདི་ འབྲུག་གི་རྒྱལ་དར་གྱི་ བརྡ་མཚོན་ཨིན།
༣. རྒྱབ་གཞི་དཀརཔོ་སྦེ་ཡོད་མི་འདི་ རྒྱལ་པོའི་ལྷག་བསམ་རྣམ་དག་གི་ སྐུའི་མཛད་བྱ་དང་ཐུགས་ཀྱི་དགོངས་བཞེད་ དེ་ལས་ རྒྱལ་ཁབ་དང་མི་སེར་ལུ་ དད་དམ་ཆེ་བའི་བརྡ་མཚོན་ཨིན།
༤. བྱ་རོག་སྐེ་རྒྱབ་ཀྱི་ དར་ སྣ་ལྔ་མཚོན་པའི་ འཇའ་ཚོན་འདི་ འབྲུག་རྒྱལ་ལྔ་པ་ གསེར་ཁྲིར་འཕེབས་པའི་ བརྡ་མཚོན་ཨིན།
༥. ཚོས་གཞི་སེརཔོ་སྦེ་ཡོད་མི་ གྱངས་ཁ་ ༡༠༠ འདི་ ནངས་པའི་ལུགས་ལུ་ རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྦེ་ དབྱེ་བ་ཕྱེ་སྟེ་ཡོད་པའི་ བརྡ་མཚོན་ཨིན།
༦. གྱངས་ཁ་ ༡༠༠ འི་ ཀླད་ཀོར་གཉིས་ཀྱིས་ ནོར་བུ་གོང་ཅན་ཨིན་པའི་རྟགས་སུ་ འབྲུག་རྒྱལ་ བཞི་པ་དང་ལྔ་པའི་ བརྡ་མཚོན་ཨིན།