ལོ་བརྒྱའི་དུས་སྟོན།
ལོ་བརྒྱའི་དུས་སྟོན།
འབྲུག་གི་རྒྱལ་བརྒྱུད་འདི་༡༩༠༧ ལུ་འགོ་བཙུགས་ནུག། ནང་འཁོད་ཀྱི་འཐབ་རྩོད་ལུ་བརྟན་ཏེ་ འབྲུག་མི་ཡོངས་ཀྱིས་ གོང་ས་ཨོ་རྒྱན་དབང་ཕྱུག་ དེ་བསྒང་ཀྲོང་གསར་དཔོན་སློབ་མཛད་ཡོད་མི་དེ་ འབྲུག་བརྒྱུད་འཛིན་གྱི་རྒྱལཔོ་དང་པ་མཛད་དགོཔ་སྦེ་ ཞུ་བ་འབད་ནུག། དེ་རྒྱལ་ཁབ་ཀྱི་རྒྱལ་རབ་ནང་ལུ་ ལེགས་འགྱུར་གྱི་དུས་ཚོད་ཅིག་ཨིན་མས།
རྒྱལ་ཡོངས་ཚོགས་འདུ།
འབྲུག་རྒྱལ་ཁབ་འདི་ ལྷོ་ཨེ་ཤི་ཡ་ནང་ལུ་ མི་རེ་རེ་ལུ་ ནང་འཁོད་ཐོན་སྐྱེད་ཡོངས་འབོར་ ཐོ་ཤོས་ཡོད་མི་ཅིག་ཨིན། མི་སེར་ཚུ་ལུ་ ཤེས་རིག་དང་ སོ་བའི་ཞབས་ཏོག་ཚུ་རིན་མེད་སྟོང་པར་སྦེ་བྱིན་ཡོདཔ་ཨིནམ་དང་ རྒྱལ་ཁབ་ཀྱི་ས་གནས་མང་ཤོས་ཅིག་ནང་ འཁོར་ལམ་དང་ རྒྱང་འཕྲིན་ རྟེན་གཞི་ཚུ་གི་ཁྱབ་དེ་ཡོདཔ་ཨིན
མི་སེར་ཚུ་ འཚོ་བ་སྒྲིང་སྒྲིང་དང་ མི་ཚེ་རིངམ་སྦེ་སྐྱོངམ་ཨིནམ་དང་ མི་སྡེའི་སྒྲིག་གཞི་ཚུ་ ཚུལ་མཐུན་སྦེ་ཡོདཔ་ཨིན། སྔར་སྲོལ་ལམ་ལུགས་བཟང་པོ་དེ་ ད་ལྟོ་ཡང་ མ་ཉམས་པར་ཡོདཔ་མ་ཚད་ འཛམ་གླིང་རྒྱལ་ཁབ་གཞན་མི་ཚུ་ནང་ རྩ་ཅན་གྱི་སྐྱེ་ལྡན་གནས་སྟངས་ ཉམས་པའི་སྡུག་བསྔལ་ཡོད་དེ་འབད་རུང་ འབྲུག་རྒྱལ་ཁབ་དེ་ རང་བཞིན་གནས་སྟངས་ཀྱི་ ཡོངས་གྲགས་ཡོད་པའི་ས་ཁོངས་ཅིག་སྦེ་བརྩིས་ཏེ་ ཞི་བདེ་དང་ ཕུན་གསུམ་ཚོགས་པའི་ རྟགས་ཚུ་ག་ཏེ་ལུ་ཡང་ཁྱབ་དེ་ཡོདཔ་ཨིན།
འབྲུག་རྒྱལ་ཁབ་འདི་ འཛམ་གླིང་སྤྱི་ཚོགས་ཀྱི་ ལས་སྡེ་དང་ འཐུས་མི་རྒྱལ་ཁབ་ཚུ་བརྩི་བའི་ རྒྱལ་སྤྱིའི་གྲོས་གནས་ནང་ འཐུས་མི་ངར་ཡེང་ཡེ་ཅིག་ཨིནམ་མ་ཚད་ ལྷོ་ཨེ་ཤི་ནང་འཁོད་ནང་ལུ་ འབྲུག་རྒྱལ་ཁབ་འདི་ ལྷོ་ཨེ་ཤ་ཡ་ ལུངས་ཕྱོགས་མཐུན་འབྲེལ་ཚོགས་པ་ གཞི་བཙུགས་འབད་མི་འཐུས་མི་ཅིག་ཨིནམ་དང་ ཕྱོགས་རིས་དཔང་པའི་ཚོགས་པའི་རིམ་འགྱུར་ནང་ ལཱ་འགན་སྦོམ་སྦེ་ར་འབག་ཡོད་མི་དེ་ ག་གི་ཡང་མ་ཤེསཔ་ཅིག་མེད། ་དེ་མ་ཚད་ མི་རློབ་ ས་ཡ་གཅིག་མ་ལངམ་ཅིག་ལས་མེད་་པའི་རྒྱལ་ཁབ་ཆུང་ཀུ་འདི་གིས་ འཛམ་གླིང་རྒྱལ་ཁབ་ཡོངས་ལུ་ དགའ་སྐྱིད་དེ་ རྒྱུ་འདོད་ཅན་གྱི་བདེ་སྐྱིད་རྐྱངམ་ཅིག་ལུ་ གཞི་བཞག་ནི་མེནམ་པའི་གྲུབ་མཐའ་ཡང་བཀོད་གནང་ཡི།
དེ་འབད་ནི་དེ་གིས་ ༢༠༠༨ དེ་ ལཱ་ཤུལ་འདི་ཚུ་བརྩི་སྲུང་གི་དོན་ལུ་ཨིནམ་མ་ཚད་ གོང་འཕེལ་དང་འགྱུར་བ་འདི་ཚུ་ མཛད་གནང་མི་ རྒྱལཔོ་ཚུ་ལུ་ གས་བཏུད་ཞུ་ནིའི་ དགས་སྟཽན་ཅིག་ཡང་ཨིནམ་ལས་ དེ་ ཧེ་མ་ནམ་ཡང་མ་འབྱུང་བའི་ རྒྱལ་ཡོངས་ཀྱི་དགའ་སྟཽན་སྦོམ་ཅིག་སྦེ་འོང་ནི་ཨིན།
- གནས་བསྐྱོད་བསམ་བཀོད་ལུ་ ནང་བསྐྱོད་ འབད།
- དཔར་འཕྲུལ་དང་མཐུན་པའི་ཐོན་རིམ་
- English
