སྐད་ཡིག་ཚུ༌

འབྲུག་རྒྱལ་ ལྔ་པའི་ཁྲི་མངའ་གསོལ།

སྤྱི་ལོ་ ༢༠༠༥ ཟླཝ་ ༡༢ པའི་ཚེས་ ༡༧ ལུ་ མི་དབང་འབྲུག་རྒྱལ་བཞི་པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གིས་ གསེར་ཁྲི་ལས་ཟུར་བཞུགས་མཛད་ནི་ཨིན་པའི་སྐོར་ལས་ འབྲུག་མི་ཡོངས་ཀྱི་སེམས་ཁར་བཟོད་མ་ཚུགས་པའི་གསུངས་བཤད་གནང་མིའི་ནང་ ཆོས་རྩེ་དཔོན་སློབ་ རྒྱལ་སྲས་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ དབྱིན་ལོ་ ༢༠༠༨ ལུ་ འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་ཞུ་ནི་ཟེར་གསུངས་ཡོདཔ་ཨིན།
HM Jigme Khesar Namgyel Wangchuckའབྲུག་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག།
དེ་སྦེ་མཛད་དགོ་མི་འདི་ཡང་ ང་བཅས་ར་ རྒྱལ་པོའི་ཕྱག་འགན་མ་བཞེས་པའི་ཧེ་མ་ལས་ རྒྱལཔོ་ལུ་ཉམས་མྱོང་དགོཔ་འདི་ གནམ་མེད་ས་མེད་གལ་ཆེཝ་ལས་བརྟེན་ དབྱིན་ལོ་ ༢༠༠༨ མ་རནམ་གཅིག་ཁར་ལས་ རྒྱལ་པོའི་དབང་ཚད་ཚུ་ཆ་མཉམ་ མི་དབང་ཆོས་རྩེ་དཔོན་སློབ་ལུ་རྩིས་སྤྲོད་གནང་ནི་ཨིན་ཟེར་གསུངས་ཡོདཔ་ཨིན། ཐུགས་ཐག་ཆོད་པའི་གསུང་བཤད་དེ་ གནམ་ལོ་ ༢༠༠༦ ཟླཝ་ ༡༢ པའི་ཚེས་ ༩ ལུ་ མི་དབང་རྒྱལ་སྲས་ འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་མཆོག་ འབྲུག་རྒྱལ་ལྔ་པའི་གསེར་ཁྲི་མངའ་གསོལ་ཞུ་ནི་ཨིན་པའི་བཀའ་ཤོག་གནང་མི་དང་ འཁྲིལ་ཏེ་འབད་ནི་ཨིན།།

སྤྱི་ལོ་ ༢༠༠༦ ཟླཝ་ ༡༢ པའི་ཚེས་ ༡༧ ལུ་ ཐིམ་ཕུག་ ལྕང་གླིང་མའི་ཐང་ན་ རྒྱལ་ཡོངས་དུས་ཆེན་གྱི་ཉིནམ་བརྩི་སྲུང་ཞུཝ་དང་འབྲེལ་ འབྲུག་རྒྱལ་ལྔ་པ་མཆོག་གིས་ འབངས་མི་སེར་ཡོངས་ལུ་ གསུང་བཤད་འགོ་དང་པ་གནང་ཡོདཔ་ཨིན། དེ་ལས་ཚུར་ མི་དབང་མཆོག་གིས་ འབྲུག་རྒྱལ་ཁབ་འདི་ དཔལ་འབྱོར་དགའ་སྐྱིད་དང་ལྡན་པའི་དུས་རབས་གསརཔ་ནང་བཙུགས་ནིའི་དོན་ལུ་ གྲ་སྒྲིག་འབད་དེ་ རྒྱལ་ཡོངས་ཀྱི་ལས་དོན་ཚུ་ནང་ དབུ་ཁྲིད་མཛད་གནང་དང་གནང་བཞིན་ཡོདཔ་ཨིན།

མི་དབང་འཇིགས་མེད་གེ་སར་རྣམ་རྒྱལ་དབང་ཕྱུག་ མཆོག་གི་ཁྲི་མངའ་གསོལ་བའི་དུས་སྟོན་འདི་ སྤྱི་ལོ་ ༢༠༠༨ ཀྱི་སྤྱི་ཟླ་ ༡༡ ཚེས་ ༦-༧-༨ ལུ་ རྟེན་འབྲེལ་རྩིས་སྲུང་ཞུ་ནི་ཨིནམ་དང་ དེའི་སྐོར་ལས་ཁ་གསལ་སྦེ་ ཀུན་གསལ་ནང་གཟིགས་ཚུགས།